| e-texts navigator |
| Wylie |
258a1 ཕྱིར་ཞེ་ན། དེ་བྱང་ཆུབ་འོབ་ནས་སངས་རྒྱས་ཀྱི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པར་འགྱུར་བའི་ཕྱིར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་གང་དག་རིན་ཐར་མྱེད།
258a2 པ་དེ་དག་ནི་ཡང་བ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་ཕྱིར་མྱི་ལྡོག་པར་འགྱུར་བ་དེ་དག་ང་རྒྱལ་མྱེད་པ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ལོ་ཏོག་ཡོངས་སུ་རྫོགས་པ་ནི
258a3 གསུར་བའོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དཀར་པོའི་ཆོས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་འདུད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཀང་ས་ཆེན་པོ་འདི་ཚིག་པར་བྱེད
258a4 པའི་བསྲེག་པའི་བསྐལ་པའི་མེ་དེ་ནི་གང་ནས་ཀྱང་གྱི་འོང་ངོ་།། ཤྭ་རན་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མེ་གང་གིས་བྲག་ཆགས་ཀྱི་མཚམས་སྦྱོར་བར་འགྱུར་བའི་ཉོན་མོངས་པ་རྣམས
258a5 བསྲེགས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ། མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ཡང་གང་ནས་ཀྱང་མྱི་འོང་ངོ་།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གི་སྟོང་ཆེན་པོ
258a6 འི་འཇིག་རྟེན་གི་ཁམས་ཚིག་པ་འམ། མ་ཚིག་པ་ཡང་རུང་སྟེ། ནམ་མཁའི་ངོ་བོ་ཉིད་དོ།། ཤ་ར་དྭ་ཏིའི་བུ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཡང་རུང་། མངོན་པ
258a7 རྫོགས་པར་འཆར་མྱི་རྒྱ་ཡང་རུང་སྟེ། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་དོ།། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར། དེ་བཞིན་གཤེགས་པས་དཔེལ་ཉེ་བར་བཀོད་པ་བསྟན་པའི་འདི་དག་བྱང
258a8 ཆུབ་སེམས་དཔའ་དག་གིས་ཟོས་ནས་མོས་པར་འགྱུར་བ་དེ་དག་ཐམས་ཅད་དབེམ་འདི་ལྟ་བུ་གྲུབ་པ་ཉིད་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དཔེའི་འབྲེང་བ་བསྟ་དད་པ་འདི་བཤང་པོའི་ནི། སྲོག་ཆགས་ཉི་ཁྲི་བཞི
258a9 སྟོང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སངས་རྒྱས་བྱང་ཆུབ་མཆོག་ཏུ་བསྟེ་དཀའ་སྟེ། བར