| e-texts navigator |
| Wylie |
257b1 འཁོར་ལོ་བསྒྱུར་བའི་རྒྱལ་པོ་མཐོང་བ་དེ་ཕྱིས་རྒྱལ་ཕྲན་ཐམས་ཅད་ལ་རེ་བར་མྱི་བྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སུས་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་མཐོང་བ་དེ་ཕྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་རེ
257b2 བར་མྱི་བྱེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བ་ལང་གི་རྗེས་ཀྱི་ཆུ་ལས་རིན་པོ་ཆེ་ཐམས་ཅད་མྱི་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལས་དཀོན་མཆོག་གསུམ་པོ་དག་མྱི་འབྱུང་ངོ་།།
257b3 ཤ་ར་དྭ་ཏའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལས་རིན་པོ་ཆེ་ཐམས་ཅད་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། ཟོས་པའི་རྒྱ་མཚོ་ལས་སངས་རྒྱས་དཀོན་མཆོག་དང་། ཆོས
257b4 དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ས་དཀོན་མཆོག་གསུ་མ་པོ་དག་འབྱུང་ངོ་།། ག་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་བཅས་ནས་རིང་པོར་མ་ལོན་པ་ནི་རྒྱལ་པོ་ཞེ་འམ། རྒྱལ་པོ
257b5 མ་ཡིན་པ་ཞེས་ཀྱང་མྱི་རྗོད་དོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་། སངས་རྒྱས་ཤེས་འམ། སངས་རྒྱས་མ་ཡིན་པ་ཞེས་ཀྱང་མྱི་བརྗོད་དོ།། ཤ་ར་དྭ་ཏིའི
257b6 བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ལ་ནི་མངོན་བར་འདུ་བྱས་པར་མྱི་འགྱུར་རོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་ཆོས་བསྟནད་པ་ལ་འཇིགས་པ
257b7 མྱེད་པ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ། འོད་གསལ་བ་ནི་དགའ་བ་ཡང་དག་པར་སྐྱེད་པ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡུན་རིང་དུ་སྤྱད་པ།
257b8 ཆོས་བསྟནད་པ་རྣམས་ལ་འཇིགས་པ་མྱེད་པ་ཡང་། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡང་དག་པར་བསྐྱེད་པ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ནི་ཆུང་ངུ་ཡང་ཁྱད་དུ་མྱི་གསོད་དོ།། དེ་ཅིའི
257b9 ཕྱིར་ཞེ་ན། དེ་ཆུང་ངུ་རིན་ཀྱང་གནས་ཁང་ངམ་ཁྱིམ་འམ། ཁར་པར་བཅུག་ན་དེ་ཐམས་ཅད་སྣང་བར་བྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ཡང་བརྙས་པར་མྱི་བྱའོ།། དེ་ཅིའི