e-texts navigator
Collection
Volume
Page
Wylie

257a1 དག་པར་རྫོགས་པའི་བྱང་ཆུབ་ཀྱི་འགྲུབ་བོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྨ་ནད་པའི་རྒྱལ་པོ་འཚོ་བྱེད་ཀྱིས་ཀང་སྨན་དུ་མྱི་མཐོང་བའི་གཟུགས་སུ་སྡང་བ་དེ་གར་ཡང་མྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན
257a2 དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་པྱོད་པའི་བྱང་ཆུབ་སེམས་དཔས་ཀྱང་གང་བྱང་ཆུབ་ཏུ་མྱི་མཐོང་བའི་ཆོས་སུ་སྣང་བ་དེ་གང་ཡང་མྱེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ལྷ་མ་ཡིན་གི་དབང་པོ་སྒྲ་གཅན་གིས་ཉི་མ་དང
257a3 ཟླ་བའི་གཞལ་མྱེད་ཁང་གི་ལམ་གི་རིམ་པ་རྒྱུན་གཅོད་པར་མྱི་ནུས་སོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བདུད་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བཚོན་འགྲུས་རྣམས་པའི་བྱང་ཆུབ་ཀྱི་ལམ་ཀུན་ཏུ་གཅད་པར་མྱི་ནུས་སོ།།
257a4 ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གཟུགས་ན་གྱོད་པའི་ལྷའི་བུ་རྣམས་ནི་ནམ་མཁའ་ལ་གཞལ་མྱེད་འང་ན་གནས་སོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཟབ་མོ་ལ་གྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཆོས་ཐམས
257a5 ཅད་ནམ་མཁའ་དང་མཚུངས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པ། འི་བྱང་ཆུབ་ཀྱང་དེ་དང་འདྲ་བ་ཉིད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། སྣོད་དུ་བྱེད་པ་ཇི་སྙེད་པ་དེ་སྙེད་དུ་ནམ་མཁའ་འཇུག
257a6 ཀྱང་ནམ་མཁའི་ནི་བྲི་བ་འམ་ཀང་བ་མྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞི་ན་དུ་བྱང་ཆུབ་སེམས་དཔའི་ཡོངས་སུ་སྔོ་བའི།། སྟོབས་ཇི་སྙེད་པ་དེ་སྙེད་དུ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཀྱང
257a7 སངས་རྒྱས་ཀྱི་ཆོས་རྣམས་བྲི་བ་འམ་ག་འ་མྱེད་དོ།། ཤ་ར་དྭ་ཏིའི་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་སྟོབས་ཅི་ཙམ་པ་དེ་ཙམ་དུ་ནམ་མཁའ་ལ་མད་ལ་འཕངས་པ་འགྲོ་ཡང་ནམ་མཁའ་ལ་མཐའ་ཐུག་པ་ཀང་ཡང་མྱེད་དོ།། ཤ
257a8 དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དད་པའི་སྟོབས་ཅི་ཙམ་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་མཐའ་ཐུག་པ་གང་ཡང་མྱེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན
257a9 རྔ་མཁན་གིས་སྡོང་དུ་མ་བྱས་པ་དག་སྡོང་གི་ཕྱིར་མྱི་ཐོབ་བོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དགེ་བའི་ཆ་བ་བྱང་ཆུབ་ཏུ་མ་བསྔོས་པ་ཡང་ཕ་རོལ་ཏུ་ཕྱིནད་པའི་མྱིར་མྱི་འཐོབ་བོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་འདཔེར་ན། སུས




iiif viewer powered by OpenSeadragon

256b - 257b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo