| e-texts navigator |
| Wylie |
256b1 ཁྱེར་བརྒྱ་སྟོང་གིས་ཀྱང་ཉི་མའི་འོད་ཟིལ་ཀྱིས་གནོན་མྱི་ནུས་སོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་རྟོམས་ཀྱིས་ནོན་མྱི་ནུས་སོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན།
256b2 དུག་གི་གཉེན་པོ་ནད་བྱེད་པར་བྱེད་པ་ཆུང་ངུས་ཀྱང་དུག་ཤིན་ཏུ་མང་པོ་ཞི་བར་བྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ནད་བྱེད་པ་ཆུང་རུས་ཀྱང་ཉན་མོངས་པའི་དུག་ཡང་པོ་ཞི་བར་བྱེད་དོ།།
256b3 དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་བར་སྡང་ལས་རོ་གཅིག་པའི་ཆུ་རྒྱུན་འབབ་པ། བབ་ནས་སྡོད་ཀྱི་བྱེ་བྲག་གིས་རོ་བྲོ་བ་བ་དད་ཏུ་འགྱུར་རོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་གྲོལ་བའི་རོ་གཅིག་པ
256b4 ཡང་དག་པར་སྒྲུབ་སྟེ། སེམས་ཅན་གི་དབང་པོ་ཐ་དད་པ་རྣམས་ལ་ཆོས་བསྟནད་པ་ཐ་དད་པ་སྟོན་ཏོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན་གང་ཏུ་འཛམ་བུའི་ཆུ་བོའི་གསེར་བྱུང་བ་དེར་རིན་པོ་ཆེ་ཐམས་ཅད་མོག
256b5 མགོ་པོར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཀར་དུ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་འབྱུང་བ་དེར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མོག་མོག་པོར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ
256b6 དཔེར་ན་གང་གི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུར་བ་དེའི་ཚེ་རྒྱ་ཕྲན་ཐམས་ཅད་དེ་ལ་ཕྱག་འཚལ་ལོ།། ཤ་ར་དྭ་ཏིའི་བུ་དེ་བན་ན་དུ་གང་གི་ཚེ་ཆོས་ཀྱི་རྒྱལ་པོའི་བུ་བྱང་ཆུབ་ཏུ་སེམས་སྐྱེད་པ་དེའི་ཚེ།
256b7 ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གིས་ཕྱག་བྱ་བར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ལ་དབྱིག་གི་ཆར་མྱི་འབབ་བོ།། ཤ་ར་དྭ་ཏིའི་བུ་དེ
256b8 བཞིན་དུ་དགེ་བའི་ཆ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་སེམས་མྱི་སྐྱེའོ།། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།། བམ་པོ་བཞི་པ།།
256b9 ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ས་བོན་མྱེད་པར་ཤ་ཁར་གྱི་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མྱེད་པར་བླ་ན་མྱེད་པ