e-texts navigator
Collection
Volume
Page
Wylie

256a1 ཏེ་དེས་ཀྱི་དཔུང་གིས་ཤིག། ངེད་ཀྱི་གྲོགས་ཀྱིས་ཤིག་ཅེས་བྱས་ནས་ཀདེ་ན་ཎ་དང་ཤིང་གི་ཕུང་པོ་རི་རབ་ཙམ་བསྡུ་བར་གྱུར་ལ། དེ་ནས་འགའ་ཞིག་མེ་དེའི་གན་ཏུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱོད
256a2 དཔུང་མྱི་སྡུད། ཁྱོད་ལྔ་དང་ཤིང་འདི་དག་ལས་གཅིག་པུས་རྒྱལ་བར་བྱ་སྙམ་འམ། དེ་ནས་མེ་དེས་འདི་སྐད་ཅེས་སྨྲས་སོ།། འདིར་བདག་དཔུང་། སྡུང་བར་བྱ་མྱི་དགོས་སོ།། དེ་ཅིའི་ཕྱིར་ཞེ་ན། ཧཱ་དང་ཤིང་ཕྱིར་རྒོལ་བ་དེ་དག་ཉིད
256a3 བདག་གི་གྲོགས་ཡིན་ཏེ། ཇི་ལྟ་ཇི་ལྟར་འདི་དག་མང་པོར་གྱུརྡ་པ། དེ་ལྟ་དེ་ལྟར་བདག་སྟོབས་དང་རབ་ཏུ་ལྡན་པར་འགྱུར་རོ།། གལ་ཏེ་འདི་དག་མྱེད་པར་གྱུར་ན་བདག་ཀྱང་མྱུར་ཏུ་མཆིའོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཇི་ལྟ
256a4 ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཚད་མྱེད་པ་དག་ལ་ཤེས་རབ་ཀྱི་མེ་ཚད་མྱེད་པ་རབ་ཏུ་གཏོང་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་སེམས་ཅན
256a5 ཐམས་ཅད་ཀྱི་ཉོན་མོངས་པ་དེ་དག་ལ་ཚུལ་བཞིན་དུ་ཉེ་བར་བརྟག། ས་ནས་ཤེས་རབ་ཀྱི་རྒྱུར་འགྱུར་རོ།། གལ་ཏེ་བྱང་ཆུབ་སེམས་དང།། འཉོན་མོངས་པ་མྱེད་པར་བྱ་བར་འདོད་ཅིང་སེམས་ཅན་ཐམས་ཅད
256a6 ཀྱི་ཉོན་མོངས་པ་རྣམས་ལ་གཡེལ་ན། དེ་མྱུར་ཏུ་ཉན་ཐོས་རྣམས་ཀྱི་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར
256a7 བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དེ་ལྟ་དེ་ལྟར་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། གལ་ཏེ་དེ་ལྟ་བུ་ཐོས་ནས་ཀྱི
256a8 སྨག་ནས། ཁམས་ལ་མཁས་པའི་བྱང་ཆུབ་སེམས་དཔའང་རིག་པར་བྱའོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན་སྤྲུལ་གདུག་པའི་ཕྲུ་གུ་ནི་གྲོགས་མྱི་དགོས་པར་ཟའོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས
256a9 དང་པོ་ལ་ཡང་གྲོགས་ཀྱི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྲུད་དེ། གཅིག་པུ་གཉིས་སུ་མྱེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྲུད་།། ཤ་ར་དྭ་ཏིའི་བུ་འདིས་སྟེ་དཔེར་མ། སྲིད་བུ་མེ




iiif viewer powered by OpenSeadragon

255b - 256b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo