e-texts navigator
Collection
Volume
Page
Wylie

255b1 རྒྱས་ཀྱི་མཛད་པས། སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ་སེམས་ཅན་གྱི་གྱོད་པ་ཆད།
255b2 མ་མཆིས་པ་དང་། ཅིཙམ་དུ་སངས་རྒྱས་ཀྱི་མཁྱེན་པ་བསམ་གྱིས་ཀྱི་ཁྱབ་པ་པོལ་རང་ཏོ།། བཅོ་ལྡན་འདས་གང་གི་ཅི་བྱང་ཆུབ་མོས་དང་ལས་དང་པོ་བས། སེམས་ཅད་གི་གྱོད་པ་ཚད་མ་མཆིས་པ་དང་། སངས་རྒྱས་ཀྱི་མཁྱེནད་པ་ཚད
255b3 མ་མཆིས་པ་འདི་དག་ཟོས་ནས་མྱི་སྨག་མྱི་དངང་། དངང་བར་མྱི་འགྱུར་བ་འདི་ནི་བདག་ལ་ཤིན་ཏུ་ངོ་མཚར་ཏུ་གདའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ
255b4 མལར་ཏོ།། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། སེང་གེའི་ཕྲུ་གུ་སེར་གྲེའི་སྒྲ་ཟོས་ན། སྐྲག་པ་འམ་དངང་བ་འམ། དངང་བར་འགྱུར་བའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལེགས་སོ།། བཅོམ་ལྡན
255b5 འདས་ཀྱིས་བཀའ་མཿལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ། སེམས་དཔའ་ལས་དང་པོ་པའི་ཡང་།། དེ་བཞིན་གཤེགས་པའི་སེང། གེའི་སྒྲ་ཐོས་ན། མྱི་སྐྲག་མྱི་དངང་དངང་བར་མྱི་འགྱུར་རོ།། སེཾས
255b6 ཅན་གི་གྱོད་པ་ཚད་བྱེད་པ་ཐོས་ཀྱང་འཇིགས་པར་མྱི་འགྱུར་རོ།། ཤདྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་མེའི་སྣང་བ་ཆུང་ངུ་ཡང་ཤིང་དང་ཆ་ཐམས་ཅད་ཀྱིས་ཀྱི་སྐྲག་སྟེ། དེ་འདི་སྙམ་ཏུ་ཚིག་པར་བྱེད་མྱི་ནུས་སོ་སྙམ
255b7 ཚེ་སེམས་སོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་བློ་བའི་ཤེས་རབ་ཀྱི་སྣང་བ་ཆུང་ངུ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་ཀྱི་སྐྲག་སྟེ། དེ་འདི་སྙམ་དུ་བདག་གིས་ཉོན་མོངས་པ་ཞི་བར་བྱེ
255b8 མྱི་ནུས་སོ་སྙམ་དུ་མྱི་སེམས་ཀྱི།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དེ་ཉིད་ལ་ཚུལ་བཞིན་དུ་ངེས་པར་བརྟགས་ནས་ཤེས་རབ་ཀྱི་རྒྱུར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ།
255b9 མྱེ་དང་མཱ་དང་ཤིང་དང་ལོ་མ་དང་ཡལ་ཀ་ཐམས་ཅད་འཐད་ཅིང་ཆོད་པ་ཆེན་པོ་བྱ་བར་བརྩམས་ཏེ། ཉི་མ་བདུན་ན་གཡུལ་ཆེན་པོ་འགྱེད་དོ།། སྙམ་ནས་དེ་ན་ཎ་དང་ཤིང་དེ་དག་གིས་དེ་ལས་གཞན་པའི་ཆ་དང་ཤིང་ཐམས་ཅད་བསྡུ




iiif viewer powered by OpenSeadragon

255a - 256a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo