e-texts navigator
Collection
Volume
Page
Wylie

255a1 བྱམས་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། སྤ་དབབ་པས་འདུལ་བ་དག་ཀྱང་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བས་འདུལ་བ་དག་ཀྱང་ཡོད།། རྗེས་སུ་འཐུན་པར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྤྱིའུ
255a2 ཆགས་སུ་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྣརེལ་ཞིང་རྒྱུ་བས་འདུལ་བ་དག་ཀྱང་ཡོད། དྲན་པ་ཉེ་བར་བཞག་པའི་སྒྲས་འདུལ་བ་དག་ཀྱང་ཡོད། ཡང་དག་པའི་སྤོང་བས་སྨས་འདུལ་བ་དག་ཀྱང་ཡོད།། རྫུ་འཕྲུལ་གི་རྐང
255a3 པའི་སྒྲས་འདུལ་བ་དག་ཀྱང་ཡོད། དབང་པོའི་སྒྲས་འདུལ་བ་དག་ཀྱང་ཡོད། སྟོབས་ཀྱི་སྤྲས་འདུལ་བའི་དག་ཡོད། བྱང་ཆུབ་ཀྱི་ཡན་ལག་གི་སྒྲས་འདུལ་བ་དག་ཀྱང་ཡོད། ལམ་གི་སྒྲས་འདུལ་བ་དག་ཀྱང་ཡོད། ཞེ
255a4 གནས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད། ལྷག་མཐོང་གི་སྒྲས་འདུལ་རབ་དག་ཀྱང་ཡོད། བློ་གྲོས་རྒྱ་མཚོ་འཕགས་པའི་བདེན་པ་བསྟན་པའི་བསྟན་པའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད་དོ།། བློ
255a5 གྲོས་རྒྱ་མཚོ་དེ་ལྟར་ན་སེམས་ཅན་གི་སྤྱོད་པ་བསམ་གྱིས་མྱི་ཁྱ། བ། སེམས་ཅན་གི་བསམ་པ་བསམ་གྱིས་མྱི་ཁྱབ། སེམས་། ན་གྱི་གྱོད་ཡུལ་བསམ་གིས་མྱི་ཁྱབ་བོ།། དེ་ལ་བྱང་ཆུབ་སེཾས
255a6 དཔའ་ཤེས་པ་འཇུག་པ་བསམ་གིས་ཀྱི་ཁྱབ་པ་ལ་ཞུགས་ནས་སེམས་ཅན་བསམ་གིས་མྱི་ཁྱབ་པ་རྣམས་ཀྱི་གྱོད་པ་འཇུག་པ་བསམ་གིས་མྱི་ཁྱབ་པ་ལ་འཇུག་པར་ནུས་སོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ
255a7 དཔེར་ན། ཀུན་ནས་ཞགས་པ་ཞེས་བྱ་བའི་དྲ་བ་དེར་སྐྱེས་བུ་ཞིག་བཅུག་པར་གྱུར་ད་ལ། སྐྱེས་བུ་དེས་ཞགས་པ་ཐམས་ཅད་ལས་འབྱིན་པ་ཞེས་བྱ་བའི་སྔགས་ཀྱི་རིགས་པའི་སྟོབས་བསྐྱེད་ན། དྲ་བ་དེར་བཅུག་མ་ཐག་ཏུ
255a8 སྔགས་ཀྱི་རིག་པའི་སྟོབས་ཀྱིས་ཞགས་པའི་འཆིང་བ་ཐམས་ཅད་བཅད་ནས་ཀར་དགའ་བ་དེར་འགྲོའོ།། བློ་གྲོས་རྒྱ་མཚོ་དེ་དེ་བཞིན་དུ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔལ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ
255a9 ལ་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའི་སྔགས་ཀྱི་རིག་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཉོན་མོངས་པའི་འཆིང་བ་ཐམས་ཅད་གཅོད་དེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་མ་རེག་ཀྱང་སངས།




iiif viewer powered by OpenSeadragon

254b - 255b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo