| e-texts navigator |
| Wylie |
254a1 འདུལ་བར་འགྱུར་གི།། སྒྲ་ལས་དབེན་པས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སྒྲ་ལས་དབེན་པས་འདུལ་བར་འགྱུར་གྱི། གཟུགས་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད།། དྲི་ལས་དབེན་པས་འདུལ་བར
254a2 འགྱུར་གི། རོ་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། རོ་ལས་དབེན་པས་འདུལ་བར་འགྱུར་གྱི། དྲི་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད།། རེག་ལས་དབེན་པས་འདུལ་བར་འགྱུར་གི། ཆོས་ལས་དབེན་པས་མ་ཡིན་པ་དག
254a3 ཀྱང་ཡོད། ཆོས་ལས་དབེན་པས་འདུལ་བར་འགྱུར་གྱི།། རེག་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་ལུས་དབེན་པས་འདུལ་བར་འགྱུར་གི། སེམས་དབེན་པས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད།
254a4 སེམས་དབེན་པས་འདུལ་བར་འགྱུར་གི། ལུས་དབེན་པས་མ་ཡིན་པ་དག་ཀྱང་ཡོད།། ལུས་དབེན་པ་དང་སེམས་དབེན་པས་འདུལ་བར་འགྱུར་བ་དག་ཀྱང་ཡོད། ལུས་དབེན་པ་དང་སེམས་དབེན་པས་འདུལ
254a5 བར་འགྱུར་བ་མ་ཡིན་པ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་མྱི་རྟག། པའི་སྒྲས་འདུལ་བར་འགྱུར་གྱི། སྡུག་བསྔལ་དང་བདག་མྱེད་པ་དང་།། ། ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད
254a6 སྡུག་བསྔལ་གི་སྒྲས་འདུལ་བར་འགྱུར་གི། མྱི་རྟག་པ་དང་བདག་བྱེད་པ་དང་ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། བདག་མྱེད་པའི་སྒྲས་འདུལ་བར་འགྱུར་གི།། མྱི་རྟག་པ་དང་སྡུག་བསྔལ་བ་དང་། ཞི་ངོ
254a7 སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད་ཞི་བའི་སྐས་འདུལ་བར་འགྱུར་ཀི། མྱི་རྟག་པ་དང་སྡུག་བསྔལ་བ་དང་། བདག་མྱེད་པའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་ཀུན་རྫོབ་པའི་ཆོ་འཕྲུལ་གྱིས་འདུ
254a8 བར་འགྱུར་གི། རྗེས་སུ་བསྟན་པའི་ཆོ་འཕྲུལ་གིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད།། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གི། ཀུན་རྫོབ་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང
254a9 ཡོད།། རྫུ་འཕྲུལ་གི་ཆོ་འཕྲུལ་གིས་འདུལ་བར་འགྱུར་གྱི། ཀུན་རྗོད་པ་དང་རྗེས་སུ་བསྟདད་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། ཀུན་བརྗོད་པའི་ཆོ་འཕྲུལ་གིས་རྣམ་པར་གྲོལ་བར་འགྱུར་བ་དང་།