| e-texts navigator |
| Wylie |
253a1 བདག་ཏུ་འདུ་ཤེས་པ། མྱི་སྟུག་པ་ལ་སྡུག་པར་འདུ་ཤེས་པ་རྣམས་ལ་འདུ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོནན་ཏོ།། དེ་ལ་འདུ་ཤེས་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ་འཛིནད་པ་མྱེད་པ་དང་།
253a2 མཆོག་ཏུ་འཛིན་པ་མྱེད་པའོ།། གང་འཛིན་པ་མྱེད་པ་དེ། མཆོག་ཏུ་འཛིན་པར་མྱི་བྱེད་དོ།། གང་མཆོག་ཏུ་འཛིན་པར་མྱི་བྱེད་པ་དེ་ཀུན་ཏུ་རྨོངས་པ་མྱེད་དོ།། དེ་ཀུན་ཏུ་རྨོངས་པ་མྱེད་པས་འདུ་ཤེས་ཡོངས་སུ་ཤེས་སོ།།
253a3 གསོལ་པ་ཅི་ལགས་འདས་པ་རྣམས་ཀྱི་འམ། མ་འོངས་པའི་རྣམས་ཀྱི་འམ། ད་ལྟར་བྱུང་བ་རྣམས་ཀྱི་འམ། འདུ་ཤེས་གང་ཡོངས་སུ་འཚལ།། བཀའ་མཿལ་པ། འདས་པ་རྣམས་ཀྱི་ཡང་མ་ཡིན། མ་འོངས་པ
253a4 པ་རྣམས་ཀྱི་ཡང་མ་ཡིན།། ད་ལྟར་བྱུང་བ་རྣམས་ཀྱི་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདས་པའི་འདུ་ཤེས་ནི་ཟད་པའོ།། མ་འོངས་པ་འི་འདུ་ཤེས་ནི་མ་ཕྱིནད་པའོ།། ད་ལྟར་བྱུང་བའི་འདུ་ཤེས་རྣམས་ནི
253a5 གནས་པ་མྱེད་པ་སྟེ། གང་དུས་གསུམ་དུ་འདུ་ཤེས་མྱི་དམྱིགས་པ།། ནི་འདུ་ཤེས་ཡོངས་སུ་ཤེས་པའོ།། དེ་འདུ་ཤེས་ཡོངས་སུ་ཤེས་པ། དང་ལྡན་པར་བྱང་ཆུབ་སེམས་དཔའི་པྱོད་པ་ཡོངས་སུ་དག་པ
253a6 སྤྱོད་དོ།། སེམས་ཅན་ཐམས་ཅད་ཀྱི་པྱོད་པ་ཡང་རབ་ཏུ་ཤེས་སོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་སེམས་ཅན་ཐམ་ས་ཅད་ཀྱི་སྤྱོད་པ་རབ་ཏུ་མྱི་ཞེས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔེ།
253a7 སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་པ་མ་ཡིན་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་ཤེས་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་དོ།། ཇི་ལྟར་དེ་དག་གི་སྤྱོད་པ་རྣམས་རབ་ཏུ།
253a8 ཤེས་པ་དེ་ལྟར་ཆོས་སྟོན་ཏོ།། སེམས་ཅན་པྱོད་པ་ཇི་ལྟ་བ་རྣམས་ཀྱི་སྤྱོད་པ་དེ་བཟློག་པའི་ཕྱིར་ཡང་ཉེ་བར་སྟོནད་ཏོ།། བློ་གྲོས་རྒྱ་མཚོ་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བའི་བསམ་པ་ཅན་དག་ཀྱང་ཡོད་དོ།།
253a9 ཞེ་སྡང་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་པ་དག་ཀྱང་ཡོད་དོ།། ཞེ་སྡང་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད།། གཏི་མུཀི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད། ཀཏི་མུག་གི