e-texts navigator
Collection
Volume
Page
Wylie

252a1 པ་མྱེད་པར་བརྩོན་འགྲུས་ཆོམ་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ།། འཁོར་བས་ཡོངས་སུ་མྱི་སྐྱོ་བར་སེམས་ཅན་ཡོངས་སུ་སྨྱིནད་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་བཚོན་འགྲུས
252a2 བས་ལྔའི་བུའི་བདུད་ལས་ཤིན་ཏུ་འདའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མྱི་གནས་པར་བསམ་གཏན་བྱེད་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ།། ཁཾས་ལ་མྱི་གནས་པར་བསམ་གཏན་བྱེད
252a3 པས་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ།། སྐྱེ་མཆེད་ལ་མྱི་གནས་པར་བསམ་གཏན་བྱེད་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ།། བསམ་གཏན་གི་ཡན་ལག་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པས
252a4 ལྷའི་བུའི་བདུད་ལས་ཤིནད་ཏུ་འདའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕུང་པོ་ལ་མཁས་པར་གྱུ་རད་པས་ཕུང་པོའི་བདུད་ལས་རྒྱལ་ལོ།། ཤེས་རབ་ཀྱིས་ཁས་ལ་མཁས་པར
252a5 གྱུ་ད་པས་ཉོན་མོངས་པའི་བདུད་ལས་རྒྱལ་ལོ།། ཤེས་རབ་ཀྱི། སྐྱེ་མཆེད་ལ་མཁས་པར་གྱུ་རད་པས་འཆི་བདག་གི་བདུད་ལས་རྒྱལ་ལོ།། ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཐ
252a6 པར་གྱུར་པས་ཡང་དག་པའི་མཐའ་ཡང་མངོན་དུ་མྱི་བྱེད་པས་ལྷའི་བུའི་བདུད་ལས་རྒྱལ་ལོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སྟོང་པར་མོས་པས་ཕུང་པོའི
252a7 བདུད་ཀྱིས་སྐབས་མྱི་རྙེད་དོ།། ཆོས་ཐམས་ཅད་མཚན་མ་མྱེད་པར་ཡིད་ཆེས་པས་ཉོན་མོངས་པའི་བདུད་ཀྱིས་སྐབས་མྱི་རྙེད་དོ།། ཆོས་ཐམས་ཅད་སྨོན་པ་མྱེད་པར་སོམ་ཉི་མྱེད་པས་འཆི་བདག་གི་བདུད་ཀྱིས་སྐབས
252a8 མྱི་རྙེད་དོ།། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱ་བ་མྱེད་པར་ཐེ་ཙོམ་མྱེད་ལ། དགེ་བའི་རྩ་བ་མངོན་པར་འདུ་བྱ་བས་ཀྱང་མྱི་ངོམས་པས་ལྷའི་བུའི་བདུད་ཀྱིས་སྐབས་མྱི་རྙེད་དོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི
252a9 ཚེ་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ལུས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མྱི་རྟོག་པ་དེའི་ཚེ།། ཕུང་པོའི་བདུད་ཡང་དག་པ




iiif viewer powered by OpenSeadragon

251b - 252b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo