| e-texts navigator |
| Wylie |
251b1 མ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་མ་བརྗེད་པར་སྦྱིན་པ་བྱིན་ནས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོང་སུ་བསྔོ་བར་བྱེད་པ་དེའི་ཚེ། ཕུང་པོའི་བཏུད་ཆར་གཅོད་པ་ཡིན་ནོ།། གང་གི་ལུས་ལ་མྱི་ལྟ་ཞིང་ལུས་ལ་མ་ཆགས་པར་སྦྱིན་པ་བྱིན་ནས
251b2 ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ། ཉོན་མོངས་པའི་བདུད་མར་གཅོད་པ་ཡིན་ནོ།། གང་གི་རེ་ཀྱེ་མ་ལོངས་འཔྱོད་འདི་དག་ནི་མྱི་རྟག་པ་ཡུན་མོང་བ་སྟེ། དེ་དག་ལས་བདག་གིས་སྙིང་པོ་བླངས་པར་འགྱུར།
251b3 རོ་སྙམ་སྟེ།། སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཆེ། འཆི་བདག་བདུད་ཆར་ཆོད་པ་ཡིན་ནོ།། གང་གི་ཚེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སེམས་ཅན་ཐམས་ཅད་བཀྲུ།
251b4 བའི་ཕྱིར། རབ་ཏུ་ཐ་དད་པར་བྱ་བའི་བློ་བྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ།། ལྷའི་བུའི་བདུད་ཆར་གཅོད་པ་ཡིན་ནོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་སྲིད།
251b5 པར་འགྲོ་བའི་སྐྱེ་བ་ལ་མངོན་པར་འདོད་པ་མྱེད་པར་ཚུམ་ཁྲིམས་ལ། སྲུང་བས་ཕུང་པོའི་བདུད་ཚར་གཅོད་དོ།། བདག་མྱེད་པར་ལྟ་བ་ལ། གནས་ཏེ། ཚུལ་ཁྲིམས་བསྲུངས་པས་ཉོན་མོངས་པའི་བདུད་ཆ
251b6 གཅོད་དོ།། ཚུལ་ཁྲིམས་ཡོངས་སུ་དག་སྟེ་རྒ་ཤི་ལས་བཟླ་བའི་ཕྱིར་ཚུལ་ཁྲིམས་བསྲུངས་པས་འཆི་བདག་གི་བདུད་ཚར་གཅོད་དོ།། བདག་གིས་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་འཕག།
251b7 པའི་ཚུལ་ཁྲིམས་ལ་རབ་ཏུ་བཀོད་པར་བྱའོ་སྙམ་སྟེ། ཚུལ་ཁྲིམས་བསྲུང་བས་ལྷའི་བུའི་བདུད་ཚར་གཅོད་དོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་མྱི་དམྱིགས་པར་བཟོད་པ་བསྒོམ་པས་ཕུང་པོའི་བདུད
251b8 ཆར་གཅོད་ད། བྱིསས་མ་པ་རྣས་ནཔ་ས་པའི་པདན་གག་མ་ནཔ་ནི་སུ་འོ།། མྱ་ངན་ལས་འདས་པ་གྱི་དམྱིགས་པར་བཟོད་པ་བསྒོམ་པས་ལྔའི་བུའི་བདུད་ཆར་གཅོད་དོ།། བློ་གྲོས་རྒྱ་མཚོ་གཞན་ཡང
251b9 བྱང་ཆུབ་སེམས་དཔའ་ལུས་དབེན་པར་བརྩོན་འགྲུས་འཚོམ་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ།། སེམས་དབེན་པས་བརྩོན་འགྲུས་བཅོམ་པས་ཉམས་པའི་བདུད་ལས་ཤིནད་ཏུ་འདའོ།། སྐྱེ་བ་མྱེད་པ་དང་འབྱུང་།