| e-texts navigator |
| Wylie |
251a1 བཅོམ་པ་དག་རྒོ།། ཏིང་ངེ་འཛིན་བསྟནད་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ
251a2 སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏེ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཕྱིར་རྒོལ་བ་བཅོམ་པ་ལགས།། བཅོམ་ལྡན་འདས་ཀྱིས
251a3 བཀའ་སཿལད་པ། བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འཛིན་པ་ཐམས་ཅད་དོན་དུ་མྱི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ།། གང་གི་ཚེ་མཚན་མ་དང་དམྱིགས
251a4 པ་ཐམས་ཅད་དོན་དུ་མྱི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ།། བློ་གྲོས་རྒྱ་མཚོ་བདུད་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག
251a5 གི་བདུད་དང་། ལྷའི་བུའི་བཅུད་དང་། བཞི་པོ་དེ་དག་ནི་བདུད་དོ།། དེ་ལ་སྒྱུ་མའི་ཆོས་སུ་སོ་སོར་རྟོགས་པས་ཕུང་པོའི་བདུད་འཇོམ་མོ།། སྟོང་པ་ཉིད་ངེས་པར་སེམས་པ་ལ་སོ་སོར་རྟོག་པས་ཉོན་མོད
251a6 པའི་བདུད་འཇོམ་མོ།། སྐྱེ་བ་མྱེད་པ་དང་། འབྱུང་བ་མྱེད་པར་སོ་སོར་རྟོག་པས་འཆི་བདག་གི་བདུད་འཇོམ་མོ།། ང་རྒྱལ་གིས་སྒྲོ་བཏགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གིས་ལྷའི་བུའི་བདུད
251a7 འཇོམ་རྨོ།། གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པས་ཕུང་པོའི་བདུད་འཇོམ་མོ།། ཀུན་འབྱུང་བ་སྤངས་པས་ཉོན་མོངས་པའི་བདུད་འཇོམ་མོ།། འགོག་པ་མངོན་གསུམ་དུ་བྱེད་པས་འཆི་བདག་གི་བདུད་འཇོམ
251a8 མོ།། གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོག་པས་ཕུང་པོའི་བདུད་འཇོམ་མོ།། འདུ་བྱེད་ཐམས་ཅད་ལ་མྱི་རྟག་པར་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཇོམ་མོ།། ཆོས་ཐམས་ཅད་བདག་མྱེད
251a9 བར་སོ་སོར་རྟོག་པས་འཆི་བདག་གི་བདུད་འཇོམ་མོ།། མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པས་ལྷའི་བུའི་བདུད་འཇོམ་མོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནང་གི་ཉོན་མོངས་པའི་དྲི།