| e-texts navigator |
| Wylie |
250b1 ཤེས་པ་མྱི་གནས། ཚོར་བ་ལ་བོང་བ་དང་། འདུ་ཤེས་ལ་སོང་བ་དང་། འདུ་བྱེད་ལ་སོང་བ་དང་། རྣམ་པར་ཤེས་པ་ལ་སོང་བའི་རྣམ་པར་ཤེས་པ་མྱི་གནས་སོ།། རྣམ་པར་ཤེས་པ་མྱི་གནས་པ་གང་ཡིན་པ་དེ་ཡེ་ཤེས་དང་ལྡན་པའོ།།
250b2 ཡེཤེས་དང་ལྡན་པ་གང་ཡིན་པ་དེ་སེ་ཤེས་ཀྱིས་རློམ་སེམས་སུ་ཀྱི་བྱེད་དོ།། གང་ཆུབ་སེམས་སུ་ཀྱི་བྱེད་པ་དེ། མངོན་པར་རློབ་སེམས་སུ་མྱི་བྱེད་དོ།། གང་མངོད་པར་རློམ་སེམས་སུ་མྱི་བྱེད་པ་མྱི་མ་དང།། གང་གྱི་ཐར་བ་དེ།།
250b3 ཀུན་ཏུ་མྱི་འབར་རོ།། ཀང་ཀུན་ཏུ་མྱི་འབར་བ་དེ་ཀུ་ཏུ་གཏུང་བ་མ་ཡིན་ནོ།། ཀང་ཀུན་ཏུ་གདུང་བ་མ་ཡིད་པ་དེ་རབ་ཏུ་འབར་བ་མ་ཡིན་ནོ།། གང་རབ་ཏུ་འབར་བ་མ་ཡིན་པ་དེ་ཞི་བའོ།། ཞི་བ་གང་ཡིན་པ་དེ་རབ་ཏུ་ཞི་བན
250b4 རབ་ཏུ་ཞི་བ་ཀང་ཡིན་པ་དེ་ཉེ་བར་ཞི་བའོ།། ཉེ་བར་ཞི་བ་གང་ཡིན་པ་དེ་ཐུབ་པ་ཞེས་བྱའོ།། སྟོན་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་ཆོས་འདི་དཿ། ནི་འདི་ལྟར་ཟབ་ཟོ།། འདི་ལྟར་བལྟ་དཀའ་བའོ།། འདི་ལྟར་ཏོ།།
250b5 པར་དཀའོ།། གང་དག་གིས་ཆོས་འདི་དག་བོས་ནས་མོས་པར་བྱེད་པ་དེ་དག་ཐམས་ཅད་ཕྱིན་ཅི་ལོག་དང་། ཉེ་བའི་ཉོན་མོངས་པ་དང་། ཡོངས་སུ་འཛིནད་པ་དང་། འཆིང་བ་ཐམས་ཅད་ལས་རྣམ་པར
250b6 གྲོལ་ཏེ། དེ་དག་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་མཛོད་འཛིན་པ་དག་།། དེ་དང་དེ་དག་ནི་དེད་དཔོན་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ལ་ལ
250b7 ཚད་མྱེད་པ་སྟོན་པ་དག་གོ།། དེ་དང་དེ་དག་ནི་སྨན་པའི་རྒྱལ་པོ་སྟེ། ཉོན་མོངས་པའི་གཟུགས་ཅན་མ་ཡིན་པའི་ནད་ལས་རབ་ཏུ་ཐ་རང་བར་བྱེད་པའི་དག་གོ།། དེ་དང་དེ་དག་ནི་མཆོད་པ་མཆོག་གིས་དེ་བཞིན་གཤེགས་པ་ལ
250b8 མཆོད་པ་དག་སྟེ། དེ་དག་ནི་རིང་པོར་མྱི་ཐོགས་པར་ཤིན་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ།། དེ་དག་ནི་ཐེག་པ་ཆེན་པོ་འདིར་ངེས་པ་བྱས་པ་དག་གོ།། དེ་དག་ནི་ཆོས་གྲུ་ཆེན་པོ་ཡང་དག་པར
250b9 སྦྱར་བ་དག་གོ།། དེ་དག་ནི་སེམས་ཅན་ཚད་མྱེད་པ་དག་འཁོར་བའི་ཆུ་བོ་ཆེན་པོ་ལས་བསྐོལ་བ་འགྱུར་བདག་གོ།། དེ་དག་ནི་ཡང་བདུན་ཀྱི་ཡུལ་དུ་བརྗོད་པ་མ་ཡིན་པ་དག་གོ།། སྐྱེས་བུ་དམ་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ