| e-texts navigator |
| Wylie |
250a1 རྫོགས་པའི་སངས་རྒྱས་ཤེས་བྱའོ།། བློ་གྲོས་རྒྱ་མཚོ་ངས་ནི་མཚན་ཉིད་གཞན་གིས་ཀུན་ནས་ཉོན་མོངས་པ་མངོན་པར་སངས་རྒྱས་པ་མ་ཡིན། མཚན་ཉིད་གཞན་གིས་རྣམ་པར་བྱང་བ་མངོན་པར་རྫོགས་པ།
250a2 ང་སངས་རྒྱས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་དེ་ཉིད་རྣམ་པར་བྱང་བའི་མཚན་ཉིད་སྟེ། འདི་ལྟ་སྟེ། རང་བཞིན་གིས་རྣམ་པར་དག་པའི་མཚན་ཉིད་དོ།། རང་བཞིན་གིས
250a3 རྣམ་པར་དག་པའི་མཚན་ཉིད་གང་ཡིན་པ་དེ་མཚན་ཉིད་མྱེད་པའོ།། མཚན་ཉིད་མྱེད་པ་གང་ཡིན་པ་དེམ་ཐ་སབྱེན་པ་ག་སེ་ས་པ་ན་མི་གས་བྱེད་ང་། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པ་རིག་པ་མྱེད་ཅིང་། རྣམ་པར
250a4 རིག་པར་བྱ་བ་མ་ཡིན་པའོ།། ཆོས་ཀར་ཡང་རྣཾ་པར་རིག་པ་མྱེད་ཅིང་། རྣམ་པར་རིག་པར་བྱ་བ་མ་ཡིན་པ་དེ་ལ་ཡི་གེ་རྣམས་ཀུན་ཏུ་མྱི་འབྱུང་ངོ་།། གང་ལ་ཡི་གེ་རྣམས་ཀུན་ཏུ་མྱི་འབྱུང་བ་དེ་ཇི་ལྟ་བ་བཞིན་ནོ།།
250a5 ཇི་ལྟ་བ་བཞིན་གང་ཞེ་ན། སྔོན་ཇི་ལྟ་བ་ཕྱིས་ཀྱང་དེ་བཞིན། བར་དུ། ཡང་དེ་བཞིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་དུས་གསུམ་སྟོང་པ་ཞེ། ས་བྱའོ།། དེ་ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། དེ་ནི་མ་བྱས་པ་བྱ།
250a6 བར་འགྱུར་བ་མ་ཡིན་པ། བྱ་བ་མ་ཡིན་པ་རྣམ་པར་བྱང་བ་མ་ཡིན། པ་སྟེ། དེའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ།། བྱ་བ་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ་མངོན་པར་འདུ་བྱ་བ་མྱེད་པ་སྟེ། དེ་ལ་ནི་བྱེད་པས་བྱས
250a7 བའི་ཆོས་གང་ཡང་བྱེད་དོ།། དེ་ཅིའི་ཕྱིར་དེ་ནི་བྱ་བར་འགྱུར་བ་བྱེད་པ་ཞེས་བྱའོ།། མངོན་པར་འདུ་བྱ་བ་བྱེད་པ་གང་ཞེ་ན། གང་ལ་ལུས་ཀྱིས་མངོན་པར་འདུ་བྱ་བ་མྱེད་པ་དང་། ངག་གིས་མངོན་པར་འདུ་བྱ་བ་མྱེད་པ་དང་།
250a8 ཡིད་ཀྱིས་མངོན་པར་འདུ་བྱ་བ་མྱེད་པ་སྟེ། འདི་ནི་མངོན་པར་འདུ་བྱ་བ་མྱེད་པ་ཞེས་བྱའོ།། མངོན་པར་འདུ་བྱ་བ་མྱེད་པ་གང་ཡིན་པ་དེ་འདུས་མ་བྱས་ཏེ། དེ་ལ་ནི་སྐྱེ་བ་མྱེད་འཇིག་པ་མྱེད་གནས་པ་མྱེད་དོ།། གང་ལ་སྐྱེ་བ
250a9 མྱེད་འཇིག་པ་མྱེད་གནས་པ་མྱེད་པ་དེ་གནས་མྱེད་དོ།། གང་ལ་གནས་མྱེད་ཅེ་ན། མངོན་པར་འདུ་བྱ་བ་ཐམས་ཅད་ལ་གནས་དེ་མྱེད་དེ། དེའི་ཕྱིར་གནས་དེ་མྱེད་པ་ཞེས་བྱའོ།། དེ་ལ་ནི་གཟུགས་ལ་སོང་བའི་རྣམ་པར