e-texts navigator
Collection
Volume
Page
Wylie

249b1 བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྒྱུ་བ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་མ་ལ་བ།། ཁམས་གསུམ་དུ་མྱི་འགྱུར་བའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སཱ་མ།
249b2 པ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་ཡ་ལད་པ།། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། གསོལ་ད་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་མྱི་གཡོ་བ་ལགས་སོ།། བཅོམ་ལྡན་འདས
249b3 ཀྱིས་བཀའ་ས་ལང་བ། ཤི་ནང་དུ་མཔར་ཐུག་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་མཿལད་པ།། ནམ་མཁའ
249b4 དང་མཚུངས་ཤིང་མཉམ་པའི་ཕྱིར་རོ།། བློ་གྲོས་རྒྱ་མཚོས་གསོལྡ། བཅོམ་ལྡན་འདས་བརྩོན་འགྲུས་པ་ཉམས་པ་ཅི་འདྲ་བ་ཞིག་གིས། ཤིན་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར
249b5 ནུས།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ།། བློ་གྲོས།། རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ནམ་མཁའ་དང་ཡུལ།། འགྱེད་འདོད་པར་གྱུར་ད་ན། དེས་ནམ་མཁའི་གོ་ཆ་ཉིད་བགོ་བར་བྱ།
249b6 བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཤིན་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་པར་འདོད་པས། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྐེ་ཙཉྩི་ཡོ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་འགོད་པ
249b7 ཅི་འདྲ་བར་འཐོབ་པའང་དེ་འདྲ་བའི་ཕྱིར་རོ།། བློ་གྲོས་རྒྱ་མཚོ་དེ་ལ་རྣམ་པར་ཤེས་པ་ནི་འདུས་བྱས་ཀྱི་ས་བོན་ནོ།། རྣམ་པར་རིག་པ་བྱེད་པ་ནི་འདུས་མ་བྱས་ཀྱི་ས་བོན་ཏེ། ཏིདྲི་ངེ་འཛིན་འདི་ནི་རྣམ་པར་རིག་པ་མྱེད་པའི་ས
249b8 བོན་ནོ།། ཏིང་ངེ་འཛིན་འདི་ནི་མྱིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན། རྣ་བ་དང་། སཱ་དང་། སྡེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ།། ཏིང་ངེ་འཛིན
249b9 འདི་ནི་རྣམ་པར་རིག་པས་རྟོགས་པར་བྱ་བ་མ་ཡིན། ཚོར་བས་མ་ཡིན་ཏེ་ཏིང་ངེ་འཛིན་འདི་ནི་ཚོར་བ་དང་། རྣམ་པར་རིག་པ་མྱེད་པའི་མཚན་ཉིད་དོ།། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་དེའི་ཕྱིར། ཡང་དག་པར




iiif viewer powered by OpenSeadragon

249a - 250a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo