e-texts navigator
Collection
Volume
Page
Wylie

249a1 པ་ལགས་སོ།། བཀའ་མ་ཡང་བ། གཉིས་དང་བྲལ་བའི་བྱ་མ།། གསོལ་ས། མ་ལྡ་འདས་ཏིང་ངེ་འཛིན་འདིན་རྟོགས་པར་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་།
249a2 པ། ང་རྒྱལ་གིས་ལྷག་པར་བྱེད་པ་ལྷག་པར་གྱི་བྱེད་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམས་པར་འཚལ་པར་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཎྜལ་པ།། ནམ
249a3 པར་ཤེས་པ་དང་། ཡེ་ཤེས་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་གསལ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། སྒྲིབ་པ་མྱེད་པའི་རྣམ་པར
249a4 བ་རད་པ་རབ་ཏུ་ཐོབ་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་ཕྲ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་མ་ལད་པ། དབེའ་བ་རྣམ་པར་གཞག་པ་དང་བྲལ་བའི་ཕྱིར་རོ།
249a5 གསོལ་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྙིང་པོ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་མཿལད་པ། རྡོ་རྗེ་ལྟ་བུའི་ཡེ་ཤེ། ས་རབ་ཏུ་ཐོབ་པའི་ཕྱིར་རོ།། གསོལྡ་པ། བཅོམ་ལྡན་འདས་ཏིང
249a6 ངེ་འཛིན་འདི་ནི་དཔེར་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ།། སྔོན་གི་མཐའ་དང་། ཕྱི་མའི་མཐའ་དབྱེདམྱེད་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན
249a7 འདི་ནི་ཆག་པ་ལ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་མཎྜལྡ་པ། ཆགས་པའི་ལམ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ།། གསོལ་ད་པ།། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྣང་བར་གྱུར་ད་པ་ལག
249a8 སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ།། གཏི་མུག་གི་མུན་པ་དང་བྲལ་བའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམ་པར་དག་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལ
249a9 པ། ཤིན་ཏུ་ཀུན་ནས་ཉོན་མོངས་པ་མྱེད་པའི་ཕྱིར་རོ།། གསོལྡ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་དྲི་མ་མ་མཆིས་པ་ལགས་སོ།། བཅོ་ལྡན་འདས་ཀྱི་བཀཱ་སཿལད་པ། འདོད་ཆགས་ཀྱི་རྡུལ་དང་བྲལ་བའི་ཕྱིར་རོ།། གསོལ་པ




iiif viewer powered by OpenSeadragon

248b - 249b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo