e-texts navigator
Collection
Volume
Page
Wylie

248b1 ལ་ཁྲོ་བུར་ཀྱི་ཉོན་མོངས་པ་རྣམས་ཀྱི་སྐབས་མྱེད་པ་དང་། འོད་གསལ་བའི་ཆོས་མྱི་འགྱུར་བ་ཉིད་དང་། སིད་ལ་བྱེད་པ་ཐམས་ཅད་ཀུན་གྱི་འབྱུང་བ་དང་། འདོད་ཆགས་དང་བྲལ་ཏེ་ཚུལ་བྱེད་པ་དང་། ཞེ་སྡཔ་དང་བྲལ་ཏེ་རྟོགས་པ
248b2 མྱེད་པ་དང་། ཞེ་སྡར་བྲལ་ཏུ་རྟགས་པ་མྱེད་པ་དང་། གཏི་མུག་དང་བྲལ་ཏེ་མུན་པ་མྱེད་པ་དང་། དག་པ་དང་རྣམ་པར་དག་པ་དང་། ཤིན་ཏུ་དྲི་མ་མྱེད་པ་དང་རྣམ་པར་གྲོལ་བ་ལས་བྱུང་བ་དང་། རྣམ་པར་གྲོལ་ཇི་ལྟ་བར་ཆོས་ཟས
248b3 ཅད་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་དང་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་དེ་བཞིན་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས
248b4 ཐམས་ཅད་ཀྱང་དེ་བཞིན་ཏེ། ཡང་དག་པའི་མཐའ་དང་། མཉམ་པ་འི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བ་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ།། སྟོང་པ་ཉིད་དུ་མཉམ་པའི་རྗེས་སུ་ཞུགས་ཤིང་།
248b5 མཚན་བྱེད་དང་། ཁོན་བྱེད་པ་དག་། མངོན་པར་འདུ་བྱ་བ་མྱེད་པ་དང་། མ་སྐྱེས་པ་དང་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པར་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་འདུས་བྱས།
248b6 ཀྱི་ཆོས་རྣམས་ཀྱང་དེ་བཞིན་ཏེ། འདུས་མ་བྱས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་མཉམ་པའི་རྗེས་སུ་ཞུགས་པ་སྟེ། གང་འདི་ལ་མཉམ་པ་ཉིད་ཀྱི་རྗེས་སུ་འགྲོ་བའི་ཡེ་ཤེས་འདེག་པ་དང་བཞག་པ་མྱེད་པ་འདི་ནི
248b7 རྙོག་པ་མྱེད་པའི་སེམས་ཞེས་བྱའོ།། གང་གི་ཚེ་ཆོས་འདི་དག་སེམས་ཅན་གཞན་དང་གང་ཟག་གཞན་དག་ལ་སྟོན་ཀྱང་བདག་དང་གཞན་དུ་རྣམ་པར་འཁྲུགས་པ་མྱེད་པའི་འདི་ནི་རྙོག་པ་མྱེད་པའི་སེམས་སོ།། གང་གི་ཚེ
248b8 བྱང་ཆུབ་སེམས་དཔའ་སེམས་རྙོག་པ་མྱེད་ཅིང་འཁྲུགས་པ་མྱེད་པར་གྱུར་པ་དེའི་ཚེ། ཤིན་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་རབ་ཏུ་འཐོབ་བོ།། བློ་གྲོར་རྒྱ་མཚོས་གསོལ་པ།། བཅོམ་ལྡན
248b9 འདས་ཏིང་ངེ་འཛིན་འདི་ནི་ཟབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་ཡཿལད་པ།། བློ་གྲོས་རྒྱ་མཚོག་ཏིང་མྱི་དམྱིགས་པའི་ཕྱིར་རོ།། གསོལ་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་བལྟ་དཀའ




iiif viewer powered by OpenSeadragon

248a - 249a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo