e-texts navigator
Collection
Volume
Page
Wylie

248a1 མཐའ་ཐུག་མྱེད་པར་འགྱུར།། མཁས་པ་རྟག་ཏུ་ཐོས་པའི་ཆོས་རྣམས་སྒྲུབ་པར་གནས།། མཁས་པ་རྟག་ཏུ་དྲན་ལ་མཉམ་གཞག་འཁྲུལྡ་པ་མྱེད།། དེ་ལ་ཀུན་ནས་ལྡང་བ་རྣམས་ཀྱིས་འཁྲུལ་པ།
248a2 ནི།། ཕྲ་རབ་མཐོང་བར་མྱི་ནུས་སྒྲིབ་ཀུན་རྣམ་པར་དག། བྱང་ཆུབ་ཕྱོགས་ཆོས་རྒྱ་ཆེན་མཐའ་ཡས་ཀར་ཡིན་པ།། ཐམས་ཅད་དེའི་བག་ཡོད་པ་ལ་འདུ་བར་འགྱུར།། ཞི་གནས་མཐའ་གྱུ་རང་ལྷག་མཐོང་གིས་ནི་རྟག།
248a3 ཏུ་ཤེས།། ས་བཅུ་པ་ནི་གནོད་པར་འགྱུར་ཞིང་ཆགས་པ་མྱེད།། བྱང་ཆུབ་སྙིང་པོ་སྦྱང་ཕྱིར་ཤིན་ཏུ་རྫོགས་པར་སྨྲ།། དེ་ནི་མྱི་དགེ་ཀུན་སྤངས་དགྲ་ལས་བརྒྱལ་བར་གྱུར་།། དགེ་བའི་ཆོས་རྣམས་ཀུན་གྱིས་འཕམ
248a4 པའི་རི་རབ་བཞིན།། དེ་ནི་བསམ་ཡས་དྲི་མྱེད་འོད་འདི་རབ་ཏུ་ཐོབ།། ཏིང་འཛིན་འདི་ཐོབ་མཁས་ཏེ་བསོན་ནམས་བྱས་ནས་ནི།། ཡོངས་སུ་དག་པའི་ཆོས་མཆོག་ཉི་ཤུ་རབ་ཏུ་འཐོབ།། དེ་དག
248a5 གིས་ནི་འགྲོ་བ་ཀུན་ནང་གཉི་བཞིན་ལྷང་།། རྒྱལ་བའི་ཡེ་ཤེ་ས་བླ་ན་མྱེད་པའི་བྱང་ཆུབ་རེག། ཤིང་གི་དྲུང་དུ་ཤུགས་བརྒྱད་བསམ་དུ་མྱེད་མཐོང་ནས།། དེ་དག་གིས་ནི་ཞིང་བརྒྱད་དག་ན
248a6 འགྲོ་དོན་བྱེད།། སངས་རྒྱས་མྱི་འཇིག་སྦྱིན་ཞིང་འགྲོ་བའི་དབ་ང་པོ་དེ།། བདུད་རྣམས་བཏུལ་བ་བྱས་ནས་བྱང་ཆུབ་མཆོག་ལ་རེ་ཀ།། རྒྱལ་བའི་ཕྱགཿསྦྱངས་པ་ཐོབ་པར་གྱུར་ད་ནས་ནི།། ཡོན
248a7 ཏན་འདི་འདྲ་དེ་ཀུན་བསམ་གྱིས་མྱི་ཁྱབ་འགྱུར།། དེ་ལྟ་བས་ནས་མྱི་གད་ཡོན་ཏན་ཕྲེང་བ་འདོད་པ་དེ།། མྱུར་ཏུ་བྱང་ཆུབ་སེམས་ལ་བཚོན་འགྲུས་བརྟན་པ་སྟེ།། དེ་ནས་བཅོམ་ལྡན་འདས་ཀྱིས།། བྱང་ཆུབ
248a8 སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་ལད་པ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་དཀར་བ་དྲི་མ་མྱེད་པོའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ
248a9 པར་འདོད་པས་རྙོག་པ་མྱེད་པའི་སེམས་དང་། འཁྲུག་པ་མྱེད་པའི་སེམས་ཀྱིས་ཤིན་ཏུ་དཀར་ཞིང་དྲི་མ་མྱེད་པའི་བློ་དང་ལྡན་པར་བྱའོ།། དེ་ལ་རྙོག་པ་མྱེད་པའི་སེམས་དེ་ནི་གང་སེམས་རང་བཞིན་གིས་འོད་གསལ་བ




iiif viewer powered by OpenSeadragon

247b - 248b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo