| e-texts navigator |
| Wylie |
247a1 ཙཾ། ཆོས་མཉན་དེས་ནི་བྱང་ཆུབ་དམ་པ་ཐོབ་པར་འགྱུར།། དེ་ཡིས་རང་གི་ལུས་ཀྱི་ཆོས་ཉིད་ཤེས་ནས་ནི།། དེ་ཡིས་སེམས་ཅན་ཀུན་ལུས་དེ་ལྟར་རྟོགས་པས་ན།། དེ་ནི་ཆོས་ཡུས་རྡུལ་དང་བྲལ་བ་འཐོ།
247a2 འགྱུར་ཏེ།། ཟང་ཟིང་ལུས་བྱིན་ཉོན་མོངས་ནམས་ལས་ཤིན་ཏུ་གྲོལ།། རྟག་ཏུ་ཏིང་འཛིན་གྱོད་ཡུལ་བསམ་གཏན་པས་ཅན་འགྱུར།། ཀཱའི་འརྗིད་ཆེན་པོ་ས་ནི་བང་ཟིང་ལུས་ཀྱི་སྲིད།། སེམས་ཅན་དོན་ནུ་འདྲ།
247a3 བའི་སྟོབས་ཕྱིར་བྱིན།། འཆི་མྱེད་དོན་དུ་དེ་ནི་ཆོས་ཀྱི་སྲོག་ཀྱང་འཚེ།། འཕགས་པའི་ཚུལ་ནི་རྟག་བསྲུང་ཤིན་ཏུ་རབ་ཏུ་ཞི།། འདོད་ཆགས་ཞེ་སྡང་མུན་ཚོགས་ཤིན་ཏུ་རྣམ་པར་བྱེ།། བསླབ་པ་སྦེད་པར་གནས་ཤིང
247a4 རྒོད་བྱེད་མཐུན་བར་སྐྱེས།། མཁས་པ་བདག་གཏོང་བྱེད་ཀྱི་སྣ་གུ་པ་བྱེད་མ་ཡིན།། རྫུ་འཕྲུལ་གིས་ནི་བྱེ་བ་ཕྲག་མང་ཞིང་སོང་ནུས།། སེམས་ཅན་ལུས་དང་མཐུན་པར་བྱས་ཏེ་ཆོས་ཀྱང་སྟོནད
247a5 འགྲོ་བའི་གཟུགས་དང་མཚན་དང་རྟགས་ནི་ཅི་འདྲ་བ།། དེའི་ལུས་ནི་དེ་འ་ལྟ་བུ་དང་མཚུངས་པར་འགྱུར།། དེའི་ལུས།། ལས་ཤིན་ཏུ་རྣམ་དག་འོད་འབྱུང་སྟེ། དེ་ནི་ཕྱོགས་བཅུའི་མ
247a6 ཡས་ཞིང་རྣམས་ཁྱད་པར་བྱེད།། དེའི་འོད་དེ་བསོད་ནམས་གཿལྡན་རེག་ན་འཇམ།། སྲོག་ཆགས་ཉོན་མོངས་གདུང་བ་ཐམས་ད་ཞི་བར་བྱེད།། སེམས་དམྱལ་རྣམས་ན་སེམས་ཅན་རྒྱ།
247a7 དག་སྡུག་བསྔལ་བ།། དེ་དག་འོད་ཀྱིས་རེག་མ་ཐག་ཏུ་བདེ་བར་འགྱུར།། ལུས་དང་ཡིད་ཀྱང་དགའ་བར་འགྱུར་བ་རབ་ཏུ་འཐོབ།། དེ་ནི་སེམས་ཅན་དམྱལ་ལས་རབ་ཏུ་བ་རད་པའི་རྒྱུ།། འདི་དག་དང་ནི་གཞན་ཡང
247a8 ལུས་ལས་ཡོངས་སུ་སྦྱང་བ།། མཐའ་ཡས་ལས་རྣམས་ཡེ་ཤེས་ཀྱིས་ནི་རྣམ་པར་ཕྱེ།། མཁས་པ་ཤི་ནད་ཏུ་དུལ་བ་སངས་རྒྱས་མཛད་པ་བྱེད།། རྡུལ་ཐམན་གྱི་ལུས་ཀྱི་ལས་འདི་དེ་འདྲའོ།། དེ་དག་ཚིག་ནི་རྣམ་དག
247a9 སླ་སྙན་ཡིད་དུ་འོང་།། དེས་ནི་ལྷ་དང་ལྷ་མྱིན་འགྲོ་ཀུན་ཚིམ་པར་བྱེད།། དེ་སྦ་བ་ན་འཆད་པ་དོན་མྱེད་མྱི་འགྱུར་ཏེ།། ཐེག་པ་བདུད་ཅི་འདུས་བྱས་མྱིན་འདིར་ངེས་པར་འབྱུང་།། ངག་ལས་ངག་གི་ཉེས་པ་དེས་མང