e-texts navigator
Collection
Volume
Page
Wylie

246b1 སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུབ་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་ཤིན་ཏུ་དཀར་པ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་ཤུགས་ཆེན་པོ་མ་འདྲེས་པ་བརྒྱད་པོ་དེ་དག་འབྱུང
246b2 བར་འགྱུར་རོ།། འདི་ལྟར་ཏིང་ངེ་འཛིན་འདིའི་མཐུས་འདིར་ཡོན་ཏན་གི་རྒྱུད་དཔག་ཏུ་མྱེད་པར་ཡང་ཀུན་ཏུ་སྣང་ངོ་།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ཆོས་འདི་དྲི་མྱེད
246b3 དག་དགེ་རང་བཞིན་འོད་གསལ་ཏེ། ནམ་མཁའ་མཚུངས་ཤིང་མཉམ་ལ་གདོད་ནས་འབྱུང་བ་མྱེད། མ་སྐྱེས་མ་བྱུང་གནས་པ་མྱེད་ཅིང་འགགས་པ་མྱེད། འདིནི་རྒྱལ་བའི་ཕྱག་རྒྱ་དྲི་མྱེད་གཡོ་བ་མྱེད། དེའི་ཆ་བའི་གནས
246b4 ནི་དབྱེ་བ་མྱེད་པའི་གཟུངས། བྱམས་པ་དང་ནི་སྙིང་རྗེ་བསྒོམ་པ་བུང་དུ་འབྲེལ། དེས་ན་འགྲོ་བ་ཀུན་གྱིས་བཀུར་ཀྱང་དཀའ་བ་བྱེད། སྟི་སྟམ་མ་བྱས་ཡི་འཆད་མྱེད་དེ་མཉམ་པའི་ཟློ།། དེ་ནི་མཉམ་པའིཆོག
246b5 ལས་ཡེ་ཤེས་སྐྱེས་འགྱུར་ནས།། གཏི་མུག་མུན་པ་ཐམས་ཅད་བཅོམ་སྟེ་རྨོངས་པ་བྱེད།། ཡེ་ཤེས་ལྡན་པ་ཡིན་ཀི་ང་རྒྱལ་ལྡན་བ་མ་ཡིན།། དེས་བསམ་མཉམ་ཆོས་ཤེས་ནས་ཤིན་ཏུ་རྣམ
246b6 པར་དག། མཁས་པ་ལུས་ངག་ཡིད་ཀྱིས་ལས་ནི་གང་བྱེད་པ། ཐོས་ཅད་ཤེས་པས་བྱ་སྟེ་འགྲོ་ལ་བདེ་བ་བྱེད།། དེ་ལུས་རྣམ་པར་དག་པ་སེམས་ཅན་མང་པོས་མཐོང་།། རྒྱལ་བའི་ཡེ་ཤེས་རྡུལ
246b7 བྱེད་བླ་ན་མྱེད་པ་སྤོན།། དེའི་དཁྱོད་ལམ་རྟག་ཏུ་བསྡམས་ཏེ་འཁྲུལ་པ་མྱེད།། སྤུན་གྱིས་གྲུབ་སྡེ་བ་མར་གྱི་རྟོག་ནམ་རྟོག་བྱེད།། ལུས་ཀྱི་ངེས་པ་མངལ་ཡས་ཅིཙམ་གང་བརྗོད་པ།། དེ་དག་དེ་ལ་ཆད་དེ་གནོད་ནས
246b8 སྐྱེ་བ་བྱེད།། དེ་ལུས་མཚན་གྱིས་བརྒྱན་ཏེ་ཤིན་ཏུ་རྣམ་པར་བྱེ།། དེའི་རྐང་མཐིལ་མཇས་ཞིང་བསོད་ནམས་རྣམས་ལས་བྱུང་།། དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པས་ལུས་མཛེས་ཀྱང་།། མཁས་པ
246b9 གཟུགས་ཀྱི་རྒྱགས་པས་རློམ་སེམས་བྱེད་པ་མྱེད། དམན་ཞིང་དབུལ་བས་ལུག་ལས་མོས་ཅན་མར་པོ་ག། དེ་དག་ལ་ཡང་གུས་བཅས་འདུད་ཅིང་རབ་ཏུ་འདུད།། བདག་ནི་ཆོས་འཛིན་གྱུར་ད་ཅིག་སྙམ་སྟེ་ང་རྒྱལ་མྱེད།།




iiif viewer powered by OpenSeadragon

246a - 247a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo