| e-texts navigator |
| Wylie |
245b1 ཅན་ཐམས་ཅད་བདག་མྱེད་པ་ཡོངས་སུ་དག་པ། དྲི་མ་བྱེད་པའི་ཕྱག་རྒྱ་དང་། རོ་གཅིག་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། རྣམ་པར་ཐ་དད་པ་ཐམས་ཅད་ཡོངས་སུ་དག་པའི།།
245b2 ཕྱིར། སྟོང་པ་ཉིད་དང་མཚན་མྱི་མྱེད་པ་དང་སྨོན་པ་མྱེད་པ་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར། ནམ་མཁའ་ཡོངས་སུ་དག་པ་དྲི་མྱེད་པའི་ཕྱག་རྒྱ་དང་། ཐ་དད་དུ་བྱ་བ་མྱེད་པའི་ཕྱིར།
245b3 སེམས་ཅན་གི་ཁམས་དང་། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། རང་གི་མངོན་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར། མངོན་གསུམ་དུ་ལེགས་པར་མཐོང་བ་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང
245b4 རྟག་ཏུ་སྣང་བ་ཡོངས་སུ་དག་པའི་ཕྱིར། ཉི་མའི་དཀྱིལ་འཁོར་ལྟར་རབ་ཏུ་གསལ་བ་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། ཆགས་པ་ཐམས་ཅད་བྲལ་བ་ཡོངས་སུ་དག་པའི་ཕྱིར། དུས་གསུམ་ལ་ཆགས
245b5 པ་མྱེད་པའི་ཡེ་ཤེས་མཐོང་བ་ཡོངསསུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱད་པ། རྣམ་པར་ཤེས་པ་དང་ཡེ་ཤེས་གནས་པ་མྱེད་པའི་ཕྱིར།། རིཿརྣམ་པར་རིག་པའི་སྒོ་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་།
245b6 འདུས་མ་བྱས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པའི་ཕྱིར། འདུས་མ་བྱས་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། རྐྱེནད་ཤིན་ཏུ་རྟོགས་པ་འི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བར་རྟོགས་པ་ཡོངས་སུ་དག་པ
245b7 དྲི་མ་མྱེད་པའི་ཕྱག་རྒྱ་དང་། ཡང་དག་པ་ཤེས་པ་རྫི་བ་བྱེད་པའི་ཡོངས་སུ་དག་པའི་ཕྱིར། སྟོབས་དང་མྱི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་རྗེས་སུ་འགྲོ་བ་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། སྔོན་ཡོངས
245b8 སུ་སྦྱང་བ་བྱས་པ་ཡོངས་སུ་དག་པའི་ཕྱིར། སངས་རྒྱས་ཀྱི་ཆོས་རྟོགས་པའི་མཚན་ཉིད་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏོང་བའི་ཕྱིར། བྱམས་པ་ཆེན་པོ་དང་། སྙིང་རྗེ།
245b9 ཆེན་པོ་ཡོངས་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། མཐའ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པའི་ཕྱིར། བདུད་དང་ཕྱིར་རྒོལ་བ་བཅོམ་པ་ཡོངས་སུ་དག་པ་དྲི་མ་མྱེད་པའི་ཕྱག་རྒྱ་དང་། ཆོས་རྣམས་ཀྱི་རང་བཞིན་ཡོངས་སུ