| e-texts navigator |
| Wylie |
244b1 དང་། མངོན་པར་འདུ་བྱ་བ་མྱེད་པའི་མཚན་ཉིད་དུ་འབྱུང་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཀྱང་ཆུབ་སེཾས་དཔའི་ངག་གི་ལས་ལེ་ཞེས་སྔོན་དུ་འགྲོ་འའོ། གྲོབ་རྒྱ་མཚོ་དེ་ལ་བྱང་ཆུབ་སེཾས་དའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ཀང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེཾས་ཀྱི་འཇུག་པན
244b2 གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་འཔྱོད་པ་དང་གཡོ་བ་རྣམས་རབ་ཏུ་ཤེས་སོ།། མཉམ་པར་གཞག་ཀྱང་འཔྱོད་ལམ་ཐམས་ཅད་ཀུན་ཏུ་སྟོན་ཅིང་།། ཏིང་ངེ་འཛིནད་དེ་ལས་སྡང་བ་ཡང་མྱེད་དོ།། དེའི་སེམས་ཀྱི་ལས
244b3 ནི་བདུད་ཐམས་ཅད་ཀྱིས་ཀྱང་མྱི་ཤེས་སོ།། དེའི་སེམས་ཀྱི་འཇུག་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མྱི་ཤེས་སོ།། བྱང་ཆུབ་སེམས་དཔའ་དེ་ནི་བདག་ལ་གནོད་པར་བྱ་བ་དང་། གཞ་གནོད་པར་བྱ
244b4 པ་དང་། གཉི་ག་ལ་གནོད་པར་བྱ་བ་མྱི་སེམས་སོ།། དེའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་ཆོས་གང་ལའང་ཐོགས་པ་མྱེད་དོ།། དེ་ཆོས་ཐམས་ཅད་རིག་པར་ཡེ་ཤེས་མཐོང་བ་སྐྱེའོ།། སེམས
244b5 དང་ཡིད་དང་རྣམ་པར་ཤེས་པ་དེས་རིག་པ་མྱེད་པར་ཚོར་བ་སོ་སོ།། ར་མྱོང་ལ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཚོར་བ་འགོག་པ་མངོན་གསུམ་དུ་ཡང་མྱི་བྱེད་དེ། བློ་གྲོས་རྒྱ་མཚོ
244b6 འདི་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ།། ཟློ་གྲས་རྒྱ་མཚོ་འདི་ནི་ཤིན་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་དེའི་ཚ་བའི་གནས་ཏེ། འདི་ལྟ་སྟེ་ཡེ་ཤེས་སྔོན་དུ་འགྲོ་བའི
244b7 ལུས་ཀྱི་ལས་དང་། ཡེ་ཤེས་སྔོན་དུ་འགྲོ་བའི་ངག་གི་ལས་དང་། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་སོ།། བློ་གྲོས་རྒྱ་མཚོའི་གང་གི་ཆེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང།
244b8 དང་། ཡིད་ཀྱི་ལས་རྣམས་དང་། ལྡན་པར་གྱུརྡ་པ་དེའི་ཚེ། ཤི་ནད་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱ་ཏིང་ངེ་འཛིནད་འདི་རབ་ཏུ་འཐོབ་བོ།། བློ་གྲོས་རྒྱ་མཚོ་དེ་ལ་ཆོས་བཅུ་ཤིན་ཏུ་དཀར་བའི་ཕྱིར་ཏིང་ངེ་འཛིནད་འདི་ཤིན
244b9 ཏུ་དཀར་བ་ཞེས་བྱ་སྟེ། ཆོས་བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ་བསམ་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པས་འཇུག་པའི་གྱོད་པ་ཤི་ནད་ཏུ་དཀར་པོ་ཡིན། ཕ་རོལ་ཏུ་ཕྱིནད་པ་དྲུག་ཡོངས་སུ་དག་པས། བྱང་ཆུབ