e-texts navigator
Collection
Volume
Page
Wylie

244a1 གཉེན་པའི་ཚིག་བྱེད་པ་ཡིན། བལ་བའི་ཚིག་མྱེད་པ་ཡིན། ཀུན་ཏུ་མ་བསྲུངས་པའི་ཚིག་མྱེད་པ་ཡིན། དུས་ལས་ལྷག་པར་སྨྲས་པའི་ཚིག་མྱེད་པ་ཡིན། གནོད་སེམས་འབར་བའི་ཚིག་མྱེད་པ་ཡིན། འཐབ་པ་དང
244a2 ཆོད་པ་དཔའགྱེད་པའི་ཚིག་མྱེད་པ་ཡིན། བོབ་ཀྱིས་འཇལ་བའི་ཚིག་མྱེད་པ་ཡིན། ཚིག་འགྱུར་བ་བྱེད་པ་ཡིན། ན་ས་ཀར་གི་ལྟད་མོས་པའི་ཚིག་ལྟ་བུ་མྱེད་པ་ཡིན། ཆོས་དང་འགལ་བའི་ཚིག་མྱེད་པའི
244a3 གསང་འཕེལ་བའི་ཚིག་མྱེད་པ་ཡིན། སེམས་ཅན་ལ་གནོད་པའི་ཚིག་མྱེད་པའི་ཡིན། བདག་ལ་བསྟོད་པའི་ཚིག་མྱེད་པ་ཡིན། གཞན་ལ་སྨོད་པའི་ཚིག་མྱེད་པ་ཡིན། འཕྱ་བ་དང་སྙིང་པའི་ཚིག་མྱེད་པ་ཡིན། སངས་རྒྱས་དང
244a4 ཆོས་དང་དགེ་འདུན་དང་འགལ་བའི་ཚིག་མྱེད་པ་ཡིན། འཕགས་པ་ལ་བསྐུརྡ་པ་འདེབས་པའི་ཚིག་མྱེད་པ་ཡིན། ངོ་མྱི་འཆོད་པའི་ཚིག་མྱེད་པ་ཡིན། ཚིག་འཁྲུལྡ་པའི་སྐྱོན་ཐམས་ཅད་དང་བྲལ་བའི་ཚིག་ཉིད་ནི
244a5 ཚིག་དྲུག་བཅུ་ཎ་བཞི་པ་ཡིན་ཏེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམ།། ས་དཔའི་ངག་གི་ལས་ནི་ཚིག་འཁྲུལ་པའི་སྐྱོན་དྲུག་བཅུ་ཎ་བཞི་པོ།། དེ་དག་དང་བྲལ་ཞིང་ཡོངས་སུ་དག་པར་བྱུང་ངོ་།། དེའི་ངག་དེ་ནི་ཕྱད
244a6 པར་ལུང་སྟོན་པ་དང་ཡང་དག་པ་ལུང་སྟོན་པདང་དེ་ཁོ་ན་ལུང་སྟོན་པ་དང་བདེན་པ་རྣམ་པར་དགོད་པ་ལུང་སྟོན་པ་དང་། བདེན་པའི་རྗེས་སུ་འབྲང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་དང་། སེཾས།
244a7 ཅན་ཐམས་ཅད་ཀྱི་བསམ་པ་ལུང་སྟོན་པ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་སྐུལ་པར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སངས་རྒྱས་ཀྱིས
244a8 བྱིན་གིས་རླབས་པ་དང་། ཆོས་དང་མྱི་འགལ་བ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཟླ་བ་ལྟར་དྲི་མ་མྱེད་ཅིང་སྙན་པ་དང་། འདོད་ཆགས་ཀུན་ཏུ་སྐྱེད་པ་མ་ཡིན་པ་དང་། ཚར་བཅད་ནས་ཡོན་ཏན་སྨྲ་བ་དང
244a9 ཞེ་སྡང་ཕྱི་སྐྱེད་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བ་དང་། གཏི་མུག་ཀུན་ཏུ་མྱི་སྐྱེད་པ་དང་། ཕྱོགས་བཅུར་གོ་བར་བྱེད་ཅིང་རྒྱས་པར་འགེངས་པ་དང་། ཚིག་དོན་མྱེད་པ་མ་ཡིན་པ་དང་། ཐམས་ཅད་ཀྱི་རྗེས་སུ་ཞུགས་པ




iiif viewer powered by OpenSeadragon

243b - 244b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo