e-texts navigator
Collection
Volume
Page
Wylie

243b1 འཁྲུལ་པའི་སྐྱོན་ཐམས་ཅད་སྤངས་པར་དག་གི་ལས་འབྱུང་ངོ་།། ཐོ་གྲོས་རྒྱ་མཚོ་དེ་ལ་འབྲལ་པའི་སྐྱོན་དེ་དག་གང་ཞེ་ན། བློ་གྲོས་བརྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཚིག་འཕྲུལ་པའི་སྐྱོན་དྲུག་བཅུ་རྩ་བཞི་དང་བྲས་ནི
243b2 རྣམ་པར་སྤངས་པར་ངག་གི་ལས་འབྱུང་སྟེ། དྲུག་བཅུ་ཆ་བཞི་གང་ཞེ་ན། ཐོ་གྲོས་བརྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའི་ཚིག་ཆུབ་པོ་མྱེད་པ་ཡིན། ཚིག་རྟོག་པ་བྱེད་པ་ཡིན། གྱོ་མོའི་སྡེ་ལྟ་བུ་མྱེད་པ་ཡིན།
243b3 བྲུས་པའི་སྒྲ་ལྟ་བུ་བྱེད་པ་ཡིན། སཱུ་ཧ་ཅང་ཆེ་བུ་མ་ཡིན། སྭཱ་ཧ་ཅང་ཆུང་བ་མ་ཡིན། སྒྲ་ཧ་ཅང་དྲག་པོ་མ་ཡིན། ཚིག་བརྒྱར་པོ་མྱེད་པ་ཡིན། ཚིག་རི་འརིབ་བྱེད་པ་ཡིན། ཚིག་ཆལ་ཚལ་པོ་མྱེད་པ་ཡིན། ཅིག་ཎ
243b4 རྟབ་པོ་མྱེད་པ་ཡིན། ཁས་བུབ་པའི་ཚིག་ལྟ་བུ་མྱེད་པ་ཡིན། ཚིག་ངས་ཉམས་པ་མྱེད་པ་ཡིན། ཟུར་འབྱུང་དགོས་པའི་ཚིག་མྱེད་པ་ཡིན། ཚིག་ཞུམ་པ་མྱེད་པ་ཡིན། ཚིག་སུ་བ་སུབ་པོ་མྱེད་པ་ཡིན། བྱིས
243b5 པའི་ཚིག་ལྟ་བུ་མྱེད་པ་ཡིན། ཚིག་ཚིག་ནོག་ནོག་པོ་མྱེད་པ་ཡིན། འབར་བར་བྱེད་པའི་ཚིག་མྱེད་པ་ཡིན། ཅོ་འདྲི་བ་མྱེད་ཅིག་མྱེད་པ་ཡིན། དུས་མྱི་ཤེས་པའི་ཚིག་མྱེད་པ་ཡིན། ཆོད་མྱི་ཤེས་པའི
243b6 ཚིག་མྱེད་པ་ཡིན། འདོད་ཆགས་ཀྱིས་རྗེས་སུ་ཆགས་པའི་ཚིག་མྱེད་པ་ཡིན། ཞེ་སྡང་གིས་ཞེ་འགྲས་པའི་ཚིག་མྱེད་པ་ཡིན། གཏི་མུག་གི། ས་རྨོངས་ཤིང་ལྐུགས་པའི་ཚིག་མྱེད་པ་ཡིན། དམན་པའི་ཚིག་མྱེད་པ
243b7 ཡིན། གྱི་འཐུན་པ་དང་། བརྙས་པའི་ཚིག་མྱེད་པ་ཡིན། འབྱེད་པར་བྱེད་པའི་ཚིག་མྱེད་པ་ཡིན།། གཡོ་དང་འདྲེས་པའི་ཚིག་མྱེད་པ་ཡིན།། ང་རྒྱལ་གིས་ཁེངས་པའི་ཚིག་མྱེད་པ་ཡིན། ཁྱད་དུ་གསོད་པའི་ཚིག་བྱེད་པ
243b8 ཡིན། རོ་ཟ་རིང་གི་ཚིག་མྱེད་པ་ཡིན། ཚིག་ཀྱི་སྙན་ཅིང་ཞེར་འདེབས་པ་མྱེད་པ་ཡིན། བྱེད་པས་གླེང་བའི་ཚིག་མྱེད་པ་ཡིན།། འཁྲུལྡ་ཅིང་གཤེ་བའི་ཚིག་མྱེད་ཡིན། ཡང་དག་པ་མ་ཡིན་པའི་ཚིག་མྱེད་པ་ཡིན། འཕྲ
243b9 དུ་བརྫུན་སྨྲ་བའི་ཚིག་མྱེད་པ་ཡིན། ཕྲ་མའི་ཚིག་མྱེད་པ་ཡིན། ངག་ཆུབ་མོའི་ཚིག་མྱེད་པ་ཡིན། ཚིག་ཀྱལ་བའི་ཚིག་མྱེད་པ་ཡིན། མཛའ་བོ་དང་འབྱེད་པའི་ཚིག་མྱེད་པ་ཡིན། ཧ་ཅང་རྣོ་བའི་ཚིག་མྱེད་པ་ཡིན།། ཧམ




iiif viewer powered by OpenSeadragon

243a - 244a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo