e-texts navigator
Collection
Volume
Page
Wylie

243a1 ཀི་ཟས་ཟ་བ་ཡིན་གི། ཟང་ཟིང་གི་ཟས་ཟ་བ་མ་ཡིན་ཏེ། འཇིག་རྟེན་དང་མཐུན་པར་བྱ་དང་། སེམས་ཅན་ལ་སྙིང་བཆེ་བའི་ཕྱིར་ཟས་ཟ་བའི་ལུས་ཉམ་ཆུང་ཕྱིར་ནི་མ་ཡིན་ནོ།། དེ་ཆོས་ཀྱི་ལུས་སུ་གྱུར་ད་ནས།
243a2 ཆོས་ཀྱིས་སྲོག་འཚོ་ཞིང་། ཟང་ཟིང་གིས་སྲོག་འཚོ་བ་ནི་མ་ཡིན་ནོ།། དེ་ཅོ་ཀྱི་ཁྲོན་འཆོ་ག་ཤེན། གང་བྲོག་གཅིང་ས་བྱ་མ་ཡིནན་གྱི་བྱེད་པ་དང་། འཕགས་པའི་ཚུལ་ལས་མྱི་འདའོ།། དེ་ལ་འཕགས་པ་རྣམས་ཀྱི་ཚུལ་གང་ཞེ་ན། འདི་ལྟ་སྟེ།
243a3 ཆགས་པ་མྱེད་པ་དང་སྡང་བ་མྱེད་པ་དང་། རྨོངས་པ་མྱེད་པ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང་། ཇི་ལྟར་བསླབ་པ་བཅས་པ་བཞིན་དུ་ཀུན་ཏུ་བསྲུང་བ་དང་སྦེད་པ་དང་རབ་ཏུ་གནས་པ་འདི་ནི་འཕགས་པ་རྣམས་ཀྱི་ཚུལ
243a4 ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པས་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གི་སྟོབས་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྷུན་གྱིས་གྲུབ་པར་སངས་རྒྱས
243a5 ཀྱི་ཞིང་ཐམས་ཅད་དུ་སྣང་བར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་དེ་ད། ག་ན། སེམས་ཅན་དེ་དག་གི་གཟུགས་དང་མཚན་དང་། གཟིའི་བརྗིད་དང་། རྒྱུན་རྣམས་ཅི་འདྲ་བར་བྱང་ཆུབ་སེམས་དཔའ་དེའི་ཡ
243a6 ལྷུན་གྱིས་གྲུབ་ཅིང་། ཡོངས་སུ་བརྟགས་པ་དེ་དང་འདྲ་བར་གནས་སོ།། དེའི་འོད་བཀོད་པའི་ལུས་དང་ལྡན་པ་ཡིན་ཏེ། དེ་གང་གི་ཚེ་ལུས་འོད་རབ་ཏུ་གཏོང་བ་དེའི་ཚེ། སངས་རྒྱས་ཀྱི་ཞིང་གྲངས་མྱེད
243a7 དཔག་ཏུ་མྱེད་པ་རྣམས་སྣང་བས་ཁྱབ་པར་བྱེད་དོ།། དེའི་འོད་དེ་ནི་བདེ་བ་སྐྱེད་པ་སྟེ། སེམས་ཅན་དམྱལ་བ་བ་ངན་སོང་བའི་སེམས་ཅན་ཐམས་ཅད་བདེ་བར་བྱེད་པའོ།། དེའི་འོད་དེ་ནི་བདེ་བ་ལ་རེག་པར་བྱེད་པ་སྟེ།
243a8 ཉོན་མོངས་པས་ག་དུདྲ་བཱི་སེཾས་ཅན་མས་ཅད་རབ་ཏུ་ཞིན་བྱེད་པའོ།། དེའི་འོད་དེ་ནི་རབ་ཏུ་མི་བ་བྱེད་དེ། སེམས་ཅན་རྣམས་ཀྱི་ལུས་དང་སེམས་འགའ་བ་སྐྱེ་བའོ།། དེ་ལུས་ཉིད་ཀྱིས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་དེ།
243a9 འདི་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའ་ནི་ཚིག།




iiif viewer powered by OpenSeadragon

242b - 243b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo