e-texts navigator
Collection
Volume
Page
Wylie

242b1 པར་བྱུང་བ་མ་ཡིན་ནོ།། བྱེངས་པ་མྱེད་པ་དང་འདུད་པ་མྱེད་པ་དེ་ནི་ཆོས་དང་ལྡན་པ་ཡིན་གྱི།། གཏི་མུག་དང་ལྡན་པ་མ་ཡིན་ནོ།། ཆོས་ཐམས་ཅད་ཤེས་པ་ལས་ངེས་པར་བྱུང་བས་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པ
242b2 ཡིན། ཡེ་ཤེས་སྔོན་དུ་འགྲོ་བའི་ངག་གི་ལས་དང་ལྡན་པ་ཡིན། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། དེ་ལུས་སམ་ངག་ཀམ་ཡིད་ཀྱི་ལས་གང་བྱེད་ཀྱང་། དེ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས
242b3 སུ་འབྲང་ངོ་།། དེ་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། གང་གཟུགས་ཀྱི་ལུས་ཀུན་ཏུ་བསྟནད་པས། སེམས་ཅན་རྣམས་ཡོངས་སུ་སྦྱིན་པར་བྱེད་འདུལ་བར་བྱེད་དོ།། སྤྱོད་ལམ་ཇི་ལྟ་བུར
242b4 སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ལྟ་བུ་ཉིད་དུ་དེའི་ཁྱོད་ལམ་ལྷུན་གིས་ཡོངས་སུ་བརྟགས་པ་མྱེད་པར་ཀུན་ཏུ་གནས་སོ།། ལུས་ཀྱི་སྐྱོན་དང་ལུས་ལ་ཆགས་པ་དང་། ལུས་ཀྱི་འགྱུར་བ་དང་། ལུས་ཀྱི་ཚུལ་འཆོས
242b5 པ་དང་། ལུས་ཀྱི་འཁྲུགས་པ་དང་། ལུས་ཀྱི་ཡོངས་སུ་རྟོག་པ་གང་།། ཡིན་པ་དེ་དག་བྱང་ཆུབ་སེམས་དཔའ་དེས་ཡང་དག་པར་བཅོམ་པ་ཡི།། ན་ཏེ།། ཤིང་ཏ་ལའི་འགོ་བཅད་པའི་བཞིན་དུ་རྩ་བ་ནས་ཆད་ནས
242b6 མ་འོངས་པ་ན་མྱི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ།། དེ་ལ་ལུས་ཡོད་སུ་དག་པ་ཡིན་ཏེ། ལུས་ལེགས་པར་མཚན་ཀྱིས་ལེགས་པར་བརྒྱ་ན་པ་དང་། ལག་པ་དང་རྐང་པ་འཇམ་ཞིང་གཉེན་པ་དང་། བསོད་ནས
242b7 ཀྱི་རྒྱུ་མཐུན་པའི་ལུས་ཤིན་ཏུ་རྣམ་པར་ཕྱེ་བ་དང་། དབང་པོ་མ་ཚང་བ་མྱེད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཡོང་སུ་རྫོགས་པ་ཡིན་ཡང་།། གཟུགས་ཀྱིས་བརྒྱགས་ཤིང་དྲེགས་པ་མྱེད་པ་ཡིན་ཏེ། ལུས་ཆའི
242b8 ཚུལ་དང་ལྡན་པ་མ་ཡིན་ནོ།། དེ་ཆོས་འཛིན་པ་ཉེ་བར་བཟུང་ནས། སེམས་ཅན་ཇི་ཙམ་ཏུ་དམན་པ། གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ།། རབ་ཏུ་འདུད་དོ།། དེ་ལ་རང་གི་ལུས་ཀྱི་ཆོས་ཉིད་ཀྱིས་སེམས་ཅན
242b9 ཐམས་ཅད་ཀྱི་ལུས་ཀྱི་ཆོས་མཉམ་པ་ཉིད་དུ་ཤེས་པ་ལ་འཇུག་གོ།། དེ་ལུས་ལ་ལུས་ཀྱི་ཆོས་ཉིད་ཤེས་ནས། ཆོས་ཀྱི་ལུས་ཡིན་གི་ཟང་ཟིང་གི་ལུས་མ་ཡིན་ནོ།། དེ་ལ་ཆོས་ཀྱི་ལུས་ཉིད་གང་ཞེ་ན། གང་བསམ་གཏན




iiif viewer powered by OpenSeadragon

242a - 243a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo