| e-texts navigator |
| Wylie |
242a1 རྟུལ་བའི་སེམས་ནི་སྦྱིན་པ་ཡིན།། ཞི་བའི་སེམས་ནི་ཚུལ་ཁྲིམས་ལྡན།། ཟད་པའི་ཆོས་རྟོགས་བཟོད་པ་ཡིན།། བརྩོན་འགྲུས་རྣམ་པར་ཕྱེ་བར་རྟོགས།། ཤི་ནད་ཏུ་ཞི་བ་བསམ་གཏན་ཏེ།། ཤེས་རབ
242a2 ཡང་དག་རབ་ཤེས་པ།། སེམས་ཅན་གདོད་ནས་རྣམ་དག་དོན།། བྱམས་པ་ཞེས་ནི་བརྗོད་པ་ཡིན།། སྙིང་རྗེས་ནམ་མཁའ་འདྲ་བ་སྟེ།། དཀའ་བ་སྦྱོང་བ་དགའ་བ་ཡིན།། བཅོམ་པ་ཐམས་ཅད་རྒྱུན་ཆད་པ།།
242a3 བཏང་སྙོམས་ཤེས་ནི་རབ་ཏུ་བསྟན།། འཁོར་གསུམ་ཡོངས་སུ་ཆད་པར་ནི།། ཆོས་རྣམས་ཐམས་ཅད་རབ་ཏུ་ཤེས།། ཆོས་རྣམས་ངེས་པར་འབིགས་འདི་ནི།། ལྟ་བའི་མདུད་པ་གཅོད་པ་ཡིན།། བསམ་གཏན་ཤེས
242a4 རབ་གང་ཡིན་པ། དེར་ནི་ངེས་པར་འབིགས་པ་བསྟནད།། ཚད་མྱེ་ད་པ་ལ་འཇུག་པ་ནི་ཆོས་ཤེས་པ་ཞེས་བརྗོད་པ་ཡིན།།
242a5 གནོད་པ་བཟོད་པ་དང་། ངེས་པར་འབིགས་པའི་ལེའུ་སྟེ་གཉིས་པ། འོ།། དེ་ནས་བཅོམ་ལྔ། ན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས
242a6 རྒྱ་མཚོ་ལ་བཀའ་ཡལ་ད་པ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན་གང་གང་གི་ཆེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་པ་དང་། ཡོངས་སུ་དག་པར་འགྱུར་ཏེ།། བསམ་པ་བཅོས་པ་མ་ཡིན་ཞིང་། སེམས་ཅན
242a7 ཐམས་ཅད་ཀྱིས་གནོད་པར་བྱས་ཀྱང་ཞེ་འགྲས་པ་མྱེད་ལ། ཤིན་ཏུ་ངེས་པར་ཕིགས་པའི་ཡེ་ཤེས་སུ་གྱུར་ད་ཅིང་། ཤེས་རབ་རྣམ་པར་གདོན་མྱི་ཟ་བའི་ཐོབ་པ་དེའི་ཚེ། ཤི་ནད་ཏུ་དཀར་བའི་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་དེ
242a8 འཛིན་གྱི་ཚ་བའི་གནས་ལ་རབ་ཏུ་གནས་པ་ཡིན་ནོ།། དེ་ལ་ཏིང་ངེ་འཛིན་འདི་ཡི་ཟ་བའི་གནས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཞེ་སྡང་མྱེད་པའི་སྙིང་རྗེ་ཆེན་པོའོ།། དེ་སེམས་ཅན་ཐམས་ཅད་ཀྱིས་སྟེ།
242a9 བསྟད་དུ་བྱས་ཀྱང་ཁེངས་པར་མྱི་འགྱུར།། སེམས་ཅན་ཐམས་ཅད་ཀྱིས་སྟི་སྟང་མ་བྱས་ཀྱང་འདུད་པར་མྱི་འགྱུར་རོ།། ཁྱེངས་པ་མྱེད་པ་དང་འདུད་པ་མྱེད་པ་དེ་ནི་ཤེས་པ་ལས་ངེས་པར་བྱུང་བ་ཡིན་གི། ང་རྒྱལ་ལས་ངེས