e-texts navigator
Collection
Volume
Page
Wylie

241b1 དོན་གྱི་ཆོས་རྣམས་མཐོང་།། བློ་ནི་དོན་གྱི་རྗེས་སུ་ཞུགས།། སྐད་ནི་སྐད་མྱེད་ཁོང་དུ་ཆུད། སྒྲ་རྣམས་ཀུན་ལ་སྔོན་མཐའ་དང་།། ཕྱི་མའི་མཐའ་མར་ཡོངས་སུ་གཅོད།། དོན་དང་ཚིག་འབྲུ་རྣམས་ལ་མཁས།། རྨེ
241b2 རྣམས་གཉིས་སུ་མྱེད་པར་རྟོགས།། བརྗོད་དུ་མྱེད་པའི་དོན་ལ་ནི།། དེ་ཉིད་ཡང་དག་ཁོང་དུ་ཆུད་།། སྐྱེ་བ་མྱེད་པར་སྡུག་བསྔལ་ཤེས།། ཀུན་འབྱུང་བ་ལ་མཉམ་པའི་ཟློ།། འགོག་པ་ཤེས་པ་ཟད་པར་བསྟན།། ལམ
241b3 ཤེས་པ་ནི་འདུས་མ་བྱས།། སུས་དང་ཚོར་བ་སེམས་དང་ནི།། ཆོས་ལ་ཆོས་སུ་རྗེས་སུ་རྟོགས།། དྲད་མྱེད་ཡིད་ལ་བྱེད་མྱེད་པའི།། དྲན་པ་ཉེ་བར་གཞག་པ་སྟོནང་།། ཆོས་ཀྱི་དབྱིངས་ནི་དབྱིངས་མྱིན་པར།།
241b4 དག་ཉིད་ནི་མཉམ་པས་མཉམ།། སྤོང་བས་སྤང་དུ་བྱེད་པ་ནི། ཡང་དག་བསྤོང་བ་རབ་ཏུ་བསྟན་།། སེམས་ལ་དབང་ནི་ཐོབ་པ་ནི།། རྫུ་འཕྲུལ་རྐང་པ་རབ་ཏུ་བསྟནད།། ཆགས་པ་ཀུན་ལས་རབ་ལ
241b5 བ།། དེ་ནི་དད་པའི་དབང་པོ་ཡིན།། ཆོས་རྣམས་ཐམས།། ད་ཐམས་ཅད་རྣམ་དབེན་པ།། དེ་ནི་བརྩོན་འགྲུས་དབང་པོ་ཡིན།། ། དྲན་པ་མྱེད་པའི་དྲན་འཇུག་པ།། དེ་ནི་དྲན་པའི་དབང་པོ་ཡིན།
241b6 ཆོས་རྣམས་ཡཱིད་མྱི་བྱེད་པ།། དེ་ནི་ཏིང་ངེ་འཛིན་དབང་པོ་ཡིན།། སྤོས་ལས་ཤིན་ཏུ་རབ་གནས་པ།། དེ་ནི་ཤེས་རབ་དབང་པོ་ཡིན།། ཡང་དག་ཉིད་དུ་རྟོགས་ནས་དེ།། གཞན་གི་དད་པས་འགྲོ་བ་ཡིན།།
241b7 སེམས་ནི་གཡོ་བ་ཡོད་མྱིན་པ།། དད་པའི་སྟོབས་ནི་འདི་འདྲའོ།། ཡང་དག་ཤེས་ལས་ཉམས་པ་མྱེད།། དྲན་པའི་སྟོབས་ནི་འདི་འདྲའོ།། ཏིང་ངེ་འཛིན་ཀྱི་སྟོབས་མཛོད་ནི་ངེས་པར་སེམས་ལ་དགའ་བ་ཡིན།
241b8 མྱི་རྟོག་རྣམ་པར་མྱི་རྟོག་པ།། ཤེས་རབ་སྟོབས་ནི་འདི་འདྲའོ།། ཆོས་རྣམས་རྟོགས་པའི་དོན་དུ་ནི།། བྱང་ཆུབ་ཡན་ལག་རབ་ཏུ་བསྟནད།། མཉམ་སྟེ་མྱི་མཉམ་མྱེད་པའི་ཆོས།། ཡང་དག་ལྟ་བ་ཡིན་ཞེས
241b9 བརྗོད།། གཉིས་མྱེད་ཆོས་ལ་བསྒོམ་པ་ནི།། སྐྱེ་བ་མྱེད་པའི་ལམ་བསྒོམ་ཡིན།། སྐྱེ་བ་མྱེད་པ་མྱི་རྟག་དོན།། འབྱུང་བ་མྱེད་པ་སྡུག་བསྔལ་དོན།། རྒྱུ་བ་མྱེད་པ་བདག་མྱེད་དོན།། ཞི་དོན་ཉེ་བར་ཞི་བའི་གནས




iiif viewer powered by OpenSeadragon

241a - 242a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo