e-texts navigator
Collection
Volume
Page
Wylie

241a1 དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྲོག་ཆགས་ཁྲི་དྲུག་སྟོང་གིས་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ཆོས
241a2 ཀུན་ངེས་པར་རྟོགས་པའི་བྱང་ཆུབ་སེམས་ནི་སྒྲོགས་པར་བྱེད།། དེ་ཚེ་དེས་རྟོགས་ཡེ་ཤེས་ཀྱིས།། ཆོས་རྣམས་ཀུན་ལ་ཆགས་པ་མྱེད།། ཟབ་མོའི་ཆོས་རྣམས་ཁོང་དུ་ཆུད།། མཁས་པ་སྐྲག་པར་འགྱུར་བ་མྱེད།། སྐྲག
241a3 མྱེད་ཀུན་ཏུ་འཇིགས་མྱེད་པས།། ཁྱད་པར་འཕགས་པར་འགྱུར་བ་ཡིན།། རྒྱུ་ལ་དམྱིགས་པའི་ཚུལ་གྱིས་ནི།། བརྟེན་པའི་ཆོས་རྣམས་ཁོང་དུ་ཆུད།། ཤེས་རབ་ལྡན་ཏེ་རྗེས་མཐུན་བྱེད།། མཐར་ལྟ་བ་ནི་མྱི་འཛིན་ཏོ།།
241a4 རྟག་པ་དང་ནི་ཆད་པ་ལ།། བློ་ནི་རྟོགས་པ་ཡོད་མ་ཡིན།། ཡང་དག་མཐའ་ནི་བསམ་ཡས་པའི།། དབུ་མའི་མཐའི་ནི་རྟོགས་པར་འགྱུར།། བདག་གིས་མཐའི་རང་བཞིན་གིས།། ཆོས་རྣམས་པར
241a5 མྱེད་ངོ་བོ་ཉིད།། ཆོས་ཀུན་དེའི་རང་བཞིན་ཏེ།། གདོད་ནས་མ་སྐྱེས་འགག་པ་མྱེད།། སྐྱེས་པ་མྱེད་ཅིང་བྱུང་བ་མྱེད།། སྟོང་པ། གཟུང་མྱེད་དྲི་མ་མྱེད།། མཚན་མ་མྱེད་ཅིང་སྨོས་པ་མྱེད།། ནི
241a6 མཁའ་དང་ནི་མཚུངས་ཤིང་འདྲ།། དེ་དག་སེམས་ཀྱི་མྱི་སྨོད་པར།། འདོད་ཅིང་ཆགས་པ་རྣམ་པར་སྤངས།། གཟུགས་ཀྱི་རང་བཞིན་མངོན་གསུམ་དུ།། ལྦུ་བ་ལྟ་བུར་རབ་ཏུ་ཤེས།། ཚོར་བ་ཆུ་བུར་འདྲ་བ་སྟེ།
241a7 འདུ་ཤེས་སྨྱིག་རྒྱུ་མཚན་ཉིད་དོ།། འདུ་བྱེད་ཆུ་ཤིང་སྙིང་པོ་འདྲ།། རྣམ་པར་ཤེས་པ་སྒྱུ་མ་འདྲ།། ཁམས་གཞི་གཡོ་བ་མྱེད་པ་སྟེ།། ནམ་མཁའ་མཚུངས་པའི་ཁམས་ཡིན་ནོ།། གང་དག་སྐྱེ་མཆེད་ཐམས་ཅད་ནི།།
241a8 བེམས་པོ་ཕན་ཚུན་གྱོད་ཡུལ་ལོ།། སེམས་ནི་ནང་ན་མ་ཡིན་ཏེ།། ཕྱི་རོལ་ཏུ་ཡང་མྱི་དམྱིགས་སོ།། ཡིད་ལ་རའི་ཡོད་མ་ཡིན།། རྣམ་པར་ཤེས་པ་གནས་པ་མྱེད།། ཆོས་རྣམས་ཡིད་ལ་མྱི་བྱེད་དེ།། ལྷག་པར
241a9 བྱེད་པ་རྣམ་པར་སྤོང་།། ཆོས་རྣམས་ཐམས་ཅད་མཉམ་ཉིད་དུ།། ཡང་དག་ཉིད་དུ་ཁོང་དུ་ཆུད།། ཐ་དད་མྱེད་ཅིང་རོ་གཅིག་སྟེ།། གཅིག་བུ་བགྲོད་ལམ་མཉམ་པ་ཉིད།། ལཾ་གི་ཤེས་པ་རབ་ཏུ་རྟོགས།། དེས་བཱི།།




iiif viewer powered by OpenSeadragon

240b - 241b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo