e-texts navigator
Collection
Volume
Page
Wylie

240b1 སེམས་དཔའི་འབིགས་པ་ཤེས་པ་གང་ཡིན་པ་དེ་ནི། བསམ་གཏན་གི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལྡ་ཏུ་ཕྱིནད་པར་ཡོངས་སུ་བརྩལ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་ན
240b2 ལྷག་མཐོང་གིས་ཆོས་རྣམས་མཐོང་གི། མཉམ་པར་མ་གཞག་པས་ནི་མ་ཡིན་ནོ།། དེ་ལྷག་མཐོང་གང་ཡིན་པ་དེ་ནི་ཤེས་རབ་སྟེ། ཤེས་རབ་དེས་མངོན་སུམ་དུ་འགྱུར་རོ།། གང་མངོན་གསུམ་དུ་འགྱུར་ཞེ་ན། ཆོས་རྣམས་ཀྱི
240b3 ཡང་དག་པའི་མཚན་ཉིད་ལ་མངོན་སུམ་དུ་འགྱུར་རོ།། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་གང་ཞེ་ན། མཚན་ཉིད་ཀྱི་གཞི་དེ་ལ་ཀུན་གྱི་གྱོད་པའོ།། ཆོས་རྣམས་ཀྱི་མཚན་ཉིད་གང་ཞེ་ན་འདི་ལྟ་སྟེ་རྣམ་པར་རིག་པ་ནི།
240b4 ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གཞིའོ།། རྣམ་པར་རིག་པ་དེའི་ཡང་ཀ་པ་ཇི་ལྟ་བའི་མཚན་ཉིད་གང་ཞེ་ན། དེ་ནི་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཅེས་བྱའོ།། གང་གི་ཚེ་ཚོར་བ་ཐམས་ཅད་རྒྱུན་བཅད།
240b5 པར་གྱུརྡ་པ་དེའི་ཚེ། སྣང་བར་ཡང་མྱི་བྱེད་མྱི་སྣང་བར་ཡང་མྱི་བྱེད། དོ།། དེ་ལ་སྣང་བ་ནི་གར་མྱི་སྣང་བ་ནི་གང་ཞེ་ན། སྡང་བ་ཞེས་བྱ།། བ་ནི་སྐྱེ་བའོ།། མྱི་སྣང་བ་ཞེས་བྱ་བ་ནི་འགག་པའོ།། གང་གི་ཚེ
240b6 སྣང་བར་ཡང་མྱི་བྱེད་མྱི་སྣང་བར་མྱི་བྱེད་པ་དེའི་ཚེ། སྐྱེ་བར་ཡང་མྱི་བྱེད་འགག་པར་ཡང་མྱི་བྱེད་དོ།། གང་གི་ཚེ་སྐྱེ་བར་ཡང་མྱི་བྱེད་འགག་པར་ཡང་མྱི་བྱེད་པ་དེའི་ཚེ། ཆོས་ཉིད་ལ་གནས་པ་ཡིན་ཏེ།
240b7 ཆོས་ཀྱི་དབྱིངས་ལ་འཁྲུགས་པར་མྱི་བྱེད། དེ་བཞིན་ཉིད་ལས་མྱི་གཡོ། ཡང་དག་པའི་མཐའ་འཇིག་པར་མྱི་བྱེད་དོ།། དེ་ལ་ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་རྟོགས་པའོ།། དེ་ལ
240b8 ཉིད་ནི་དེ་ཁོ་ནའི་མཚན་ཉིད་ཁོང་དུ་ཆུད་པའོ།། ཡང་དག་པའི་མཐའ་ནི་གཉིས་སུ་མྱེད་པའི་ཡང་དག་པའི་མངོན་པར་རྟོགས་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་མངོན་གསུམ་དུ་ཤེས་པ་རིག་པའི་བྱང་ཆུབ་སེམས་དཔའ་སེམས་དང།
240b9 ཆེན་པོ་ནི་ཤིན་ཏུ་འབིགས་པ་ཞེས་བྱའོ།། སྦྱང་བ་དང་གནོད་པ་དང་ངེས་པར་འབིགས་པའི་ལེའུ་འདི་བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ། ལྷ་དང་མྱིའི་སྐྱེ་དགུ་སྲོག་ཆགས་ཁྲག་ཞིག་ཕྲག་བཅུ་གཉིས་ཀྱིས་བླ་ན་མྱེད་པ་ཡང




iiif viewer powered by OpenSeadragon

240a - 241a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo