| e-texts navigator |
| Wylie |
240a1 མྱེད་པའི་དོན་སྡུག་བསྔལ་གི་དོན་དང་། རྒྱུ་བ་མྱེད་པའི་དོན་བདག་མྱེད་པའི་དོན་དང་། ཉེ་བར་ཞི་བ་དོན་ཞི་བའི་དོན་དང་། དུལ་བས་སྦྱིན་པ་དང་བསིལ་བའི་དངོས་པོར་གྱུར་ད་པའི་ཚུལ་ཁྲིམས་དང་། ཟད་པའི
240a2 ཆོས་དང་། ལྡན་པའི་བཟོད་པ་དང་། ཤིན་ཏུ་རྣཾལ་ཞེན་འབྱེད་པའི་བརྩོན་འགྲུས་དང་། ནང་ཉེ་བར་ཞི་བའི་བསམ་གཏན་དང་། ཡང་དག་པའི་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་མཚན་ཉིད་ཀྱི་ཤེས་རབ་དང་། སེམས་ཅན་གདོད་མ
240a3 ནས་རྣམ་པར་དག་པའི་བྱམས་པ་དང་། ནམ་མཁའ་དང་མཚུངས་པའི་སྙིང་རྗེ་དང་དཀའ་བ་མྱེད་པའི་དཀའ་བ་དང་། ཚོལ་ལ་ཐམས་ཅད་རྒྱུན་བཅད་པའི་བཏང་སྙོམས་དང་། ཆོས་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པ
240a4 དང་། སྔོན་གི་མཐའ་ནས་སྟོང་པ་དང་ཕྱི་མའི་མཐའ་དབེན་པ་དང་། ད་ལྟར་བྱུང་བ་ན་བདག་མྱེད་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ཀང་ཆོས་ཟབ་མོ་རྒྱུ་ནད་ཆད་པ། ཚིག་འབྲུ་དང་བྲལ་བ་དང་། ནམ་མཁའ་དང
240a5 མཚུངས་པ་འདི་ལྟ་བུ་དག་རྟོགས་པ་དང་། ཁོང་དུ་ཆུད་པ་དང་འཇུག་བཤེས་པ་ལ་དཔྱོད་པ་དང་། སེམས་པ་དང་། འཇལ་བ་དང་། བཀྲ། ང་བ་དང་། ཉེ་བར་རྟོགས་པ་དང་། ནན་ཏན་བྱེད་པ་འདི་ནི་ཐམས
240a6 ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་འབིགས་པའོ།། དེ་ལྟར་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཕིགས་ན། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ལྷུན་གིས་གྲུབ་པ་ཉིད་ཐོབ
240a7 པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་ཟླ་བ་དང་ཉི་མའི་གཞལ་མྱེད་ཁང་ལྷུན་གྱིས་གྲུབ་པར་རྒྱུ་ཞིང་འཛམ་བུའི་གླིང་ཐམས་ཅད་ཏུ་སྣང་བར་བྱེད་ཀྱང་། ལྷའི་བུ་ཉི་མ་དང་ཟླ་བ་འདི་སྙམ་དུ་བདག་ཅག་འགྲོ་འམ། འོན་ཏེ།
240a8 ལྡོག་སྙམ་དུ་མྱི་སེམས་པར། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པས་དེ་དག་འགྲོའོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་རབ་ཏུ་འབིགས་པའི་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ
240a9 ཆེན་པོ་ཡང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཚད་མྱེད་པ་དག་ལ་སེམས་ཅན་གི་དོན་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་ནི་ཡང་མངོན་པར་འདུ་བྱེད་པར་མྱེ་བས་པ་དེ་དག་ཀུན་ཏུ་བསྟནད་ཏོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ