| e-texts navigator |
| Wylie |
239b1 ཡང་དག་པར་སྤོང་བ་མཉམ་པས་མཉམ་པ་དང་། རྫུ་འཕྲུལ་གི་རྐང་པ་སེམས་ལ་དབང་སྒྱུར་བར་གྱུརྡ་པ་དང་། དད་པའི་དབང་པོ་ཆགས་པ་ཐམས་ཅད་ལས་ཤི་ནད་ཏུ་འདས་པ་དང་། བཚོན་འགྲུས་ཀྱི་དབང་པོ་དབེན་པས་ངེས།
239b2 པར་འབྱུང་བ་དང་། དྲན་པའི་དབང་པོ་དྲན་པ་མྱེད་པ་དང་། ཏིང་ངེ་འཛིན་གི་དབང་པོ་ཡིད་ལྟ་བྱེད་པ་དང་། ཤེས་རབ་ཀྱི་དབང་པོ་བྲོས་པ་ཤིན་ཏུ་འདས་པ་དང་། ད་ཀུན་གི་རྐྱོ་ཀྱི་ཛི་པ་དང་། སོན་བརྒྱབ་གཡོ་གྱི་ས་པ་རྙོགྶ་པ་བྱེད་པ་དང་དྲན་པའི་སྟོབས
239b3 ཉམས་པ་མྱེད་པ་དང་ལྡན་པ་དང་། ཏིང་ངེ་འཛིན་གི་སྟོབས་སེམས་ངེས་པར་སེམས་པར་གྱུར་པ་དང་། ཤེས་རབ་ཀྱི་སྟོབས་མྱི་འཁྲུགས་པའི་རྒྱུ་མཐུན་པ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དྲན་པ་མྱེད་ཅིང
239b4 བརྗེད་པ་མྱེད་པ་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པ་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལེན་པ་མྱེད་ཅིང་འདོར་བ་མྱེད་པ་དང་།
239b5 དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དཔའ་མརླབས་མྱེད་པ་དང་། རབ་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལུས་དང་སེ། མས་ལ་ཞུགས་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན
239b6 ལག་མཉམ་པ་ཉིད་ཁོང་དུ་ཆུད་པ་དང་། བཏང་སྙོམས་ཡང་དག་བྱ་ང་ཆུབ་ཀྱི་ཡན་ལག་གཉིས་དང་བྲལ་བྲལ་བ་དང་། ཡང་དག་པའི་ལྟ་བ་ཐམས་ཅད་སྤོང་བ་དང་། ཡང་དག་པའི་རྟོག་པ་དང་། རྣམ་པ
239b7 རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་དང་། ཡང་དག་པའི་ངག་སྒྲ་སྐད་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པ་དང་། ཡང་དག་པའི་ལས་མཐའ་དང་ལུས་དང་སེམས་ཀྱི་ལས་དང་བྲལ་བ་དང་། ཡང་དག
239b8 པའི་འཚོ་བ་ཚོལ་བ་ཐམས་ཅད་རྒྱུན་བཅད་པ་དང་། ཡང་དག་པའི་ཚོལ་བ་འདེག་པ་མྱེད་ཅིང་འཇོག་པ་མྱེད་པ་དང་། ཡང་དག་པའི་དྲན་པ་དགེ་བ་དང་། མྱི་དགེ་བའི་རྣམ་པར་རིག་པ་ལ་མྱི་འཇུག་པ་དང་། ཡང་དག་པའི
239b9 ཏིང་ངེ་འཛིན་སེམས་ཀྱི་དམྱིགས་པ་མཉམ་པ་ཉིད་ལ་འཇུག་པ་དང་། ཞི་བའ་ཞི་གནས་ཀྱི་མཐར་སོང་བ་དང་། ལྷག་མཐོང་ལྟ་བས་རྣམ་པར་དག་པ་དང་། སྐྱེ་བ་མྱེད་པའི་དོན་མྱི་རྟག་པའི་དོན་དང་། གདོད་མ་ནས་སྐྱེ་བ