e-texts navigator
Collection
Volume
Page
Wylie

239a1 ཁོང་དུ་ཆུད་པ་དང་། རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། མཐར་ལྟར་བ་དང་བྲལ་བ་དང་། རང་བཞིན་གིས་བདག་མྱེད་པ་དང་། བདག་ངོ་བོ་ཉིད་མྱེད་པས་ཆོས་ཐམས་ཅད་ངོ་བོ་ཉིད་མྱེད་པ་དང་། གདོད་མ་ནས།
239a2 མ་སྐྱེས་པ་དང་མ་བྱུང་བ་དང་། སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མྱེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མྱེད་པ་ལ་སོམ་ཉིད་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པ་ལ་དེ་ཁོ་ནའི་བློ་དང་ལྡན་པ་དང་། ཤིན་ཏུ་མྱི་རྟག་པ་ཉིད་དང
239a3 གཟུགས་ལྦུ་བ་དང་མཚུངས་པ་ཉིད་དང་། ཚོར་བ་ཆུར་བུར་དང་འདྲ་བ་ཉིད་དང་། འདུ་ཤེས་སྨྱིག་རྒྱུ་དང་མཚུངས་ཏེ། གཉིས་སུ་མྱེད་པ་ཉིད་དང་། འདུ་བྱེད་རྣམས་ལ་ཆུ་ཤིང་དང་མཚུངས་པར་སོ་སོར་རྟོག་པ་དང་། རྣམ་པར་ཤེས
239a4 སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། ཁམས་རྣམས་གཡོ་བ་མྱེད་པ་ཉིད་དང་། སྐྱེ་མཆེད་རྣམས་ཕན་ཚུན་དུ་ཤེས་པ་མྱེད་པ་ཉིད་དང་། སེམས་གནས་པ་མྱེད་པ་དང་། ང་རྒྱལ་ཡིད་ལ་མྱི་བྱེད་པ་དང་། ལྷག་པར་བྱེད
239a5 པ་ལྷག་པར་མྱི་བྱེད་པ་དང་། མཉམ་པ་ཉིད་ལ་མཉམ་པ་ཉིད་དུ་རྟོགས་པ་དང་། ཐ་དད་དུ་བྱ་བ་མྱེད་པ་དང་། རོ་གཅིག་པ་དང་།། བགྲོད་པ་གཅིག་པུའི་ལམ་ལ་རབ་ཏུ་གནས་པ་དང་། ལམ་གི
239a6 ཚོགས་ཤེས་ཡོངས་སུ་ཚོལ་བ་དང་། ངེས་བཱི་དོད་ཀྱི་དོ།། རྟོན་པ་དང་། དོན་གྱི་རྗེས་སུ་ཞུགས་པའི་བློ་དང་། སྐད་ཐམས་ཅད་ལ་སྐད་མྱེད་པར་འཇུག་པ་དང་། སྒྲ་ཐམས་ཅད་ལ་སྔོན་གི་མཐའ་དང་། ཕྱི་མའི
239a7 མཐའ་ཡོངས་སུ་ཆད་པ་ཤེས་པ་དང་། དོན་དང་ཚིག་འབྲུ་གཉིས་སུ་མྱེད་པ་ལ་འཇུག་པ་ཤེས་པས་དོན་བརྗོད་དུ་མྱེད་པར་རྟོགས་པ་དང་། སྡུག་བསྔལ་ཤེས་པ་རར་འཛིན་པ་མྱེད་པ་དང་། ཀུན་འབྱུང་བ་ཤེས་པ་ཤིན་ཏུ་ཟད
239a8 པ་དང་། འགོག་པ་ཤེས་པ་སྒྲོ་བཏགས་པ་མྱེད་པ་དང་། ལམ་ཤེས་པ་འདུས་བྱས་པ་དང་། འདུས་མ་བྱས་མཉམ་པ་ཉིད་དུ་འཇུག་པ་དང་། ལུས་ལ་ཞུགས་པའི་དྲན་པ་སྔོན་གི་མཐའ་དང་། ཕྱི་མའི་མཐའ་ཕོ་བ་མྱེད
239a9 པ་དང་། ཚོར་བ་ལ་ཞུགས་པའི་དྲན་པསྐྱེད་པ་དང་། འཇིག་པར་མྱི་གནས་པ་དང་། སེམས་ལ་ཞུགས་པའི་དྲད་པ་དམྱིགས་པ་ལ་ཤིན་ཏུ་བརྟགས་པ་དང་། ཆོས་ལ་ཞུགས་པའི་དྲན་པ་ཆོས་ཀྱི་དབྱིངས་དབྱིངས་མ་ཡིན་པ་དང་།




iiif viewer powered by OpenSeadragon

238b - 239b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo