| e-texts navigator |
| Wylie |
238b1 བ་པོ་བྱེད་ཚོར་བ་པོ་ཡང་བྱེད།། ལུས་ཀྱི་གཟིངས་པས་བཅིངས་པའི་སེམས་ཅན་དག་གིས་དགྲོལ།། ཤེས་རབ་འདི་ནི་ཁྱད་འཕགས་ཕ་རོལ་དུ་ཕྱི་ནད་པ་མཆོག། གང་ཞིག་འདི་ལ་སྦྱོར་ཞིང་ཚུལ་བཞིན་ཆོས་སེམས་ལ
238b2 ལུས་ཀྱི་གནོད་པ་བཟོད་ཅིང་རབ་སྣར་མྱི་བྱེད་དེ།། མྱི་སྙན་པ་དང་སྨད་དང་བཤུར་བའི་ཚིག་ཟོས་ཀྱང་།། དེ་ནི་ཞེ་སྡར་མྱི་འགྱུར་བྱམས་ལྡན་སེམས་ཀྱང་དུལ། བ་བ་རབ་ཏུ་ཞེ་སྡང་པོར་འདི་སྦྱིན་པ་དག། བྱམས་པའི་ཡིད
238b3 དུརུ་འགྱུར་བ་འདི་ནི་ཚུལ་ཁྲིམས་དག། བཟོད་པའི་སྟོབས་བསྐྱེད་འདི་ནི་བཟོད་པ་དག་པ་ཡིན།། སངས་རྒྱས་ཡེ་ཤེས་འདོད་རྣམས་བརྩོན་འགྲུས་ཕྱིར་ཞིང་བསྐྱེད།། སེམས་དང་ཡིད་རབ་ཞི་བ་འདི་ནི་བསམ་གཏན་དག། ཀསྲ།
238b4 སྐད་མྱི་རྙེད་འདི་ནི་ཤེས་རབ་དག་པ་ཡིན། མྱིའི་ཚིག་ཐོས་ནས་ནི་གང་ཆོས་འདི་སེམས་པ།། དེ་འདིར་གནོད་བཟོད་དག་གི་སྐྱོན་ལ་ཆགས་པ་མྱེད།། བདུད་དང་མུ་སྟེགས་ཅན་གི་ལྟར་གྱུར་བརྒྱ་སྟོང་གིས།། གནས་འདི
238b5 སྙེད་དཀས་སྦྱོར་བ་འོས་པ་འོར་བརྗོད་ཀྱང་། མྱི་སྐྲག་ཞུམ་པ་མྱེད་ཅི། ར་ཕྱི་ཕྱིར་མཐུ་སྐྱེད་དེ།། མཁས་པ་དེ་ནི་གནོད་དང་སེམས་གནོད།། མཐའ་ཡས་བཟོད།། གང་ཞིག་བཟོད་དང་བཚོན་འགྲུས་རབ
238b6 གནས་རི་རབ་འདྲ།། སེམས་ཅན་ཀུན་ནའང་དཔའ་བོ་དེ་འདིར་གནོ་ད་པ་བཟོད།། སྟོབས་བཅུ་རྣམས་ཀྱི་སྦྱང་བ་དང་ནི་གནོད་ཤེས་ནས། བྱང་ཆུབ་རྗེས་སུ་འགྲོ་བས་ཕྱི་ནས་ལུང་བསྟོནད་ཏོ།། བློ་གྲོས་རྒྱ
238b7 མཚོ་དེ་ལ་ཐམས་ཅད་མཁྱེན་པ་སེམས་བསྐྱེད་པ་རིན་པོ་ཆེ་འབིགས་པ་ལྷུན་གིས་གྲུབ་པ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེས་དེས
238b8 རློམ་སེམས་སུ་མྱི་བྱེད་དེ། ཐམས་ཅད་མཁྱེན་པའི་སེམས་དེ་ལ་རྟེན་པར་མྱི་བྱེད།། གནས་པར་མྱི་བྱེད། ལེན་པར་མྱི་བྱེད། འདོར་བར་མྱི་བྱེད། སྨོས་པར་མྱི་བྱེད། རྟོགས་པར་མྱི་བྱེད། རྣམ་པར་རྟོག་པ་མྱི་བྱེད་ཀྱིས། རྣམ
238b9 པར་རྟོག་པ་ཉེ་བར་ཞི་བ་ལ་གནས་པ་ཡིན་ཏེ། དེ་ཆོས་ཟབ་མོ་རྣམས་ལ་བློས་རྣམ་པར་འབྱེད་དོ།། ཆོས་ཟབ་མོ་དེ་དག་གང་ཞེ་ན་འདི་ལྟ་སྟེ། རྟེན་ཅིང་འབྲེལྡ་པར་འབྱུང་བའི་ལུགས་སུ་འབྱུང་བ་དང་། རྒྱུ་ལ་དམྱིགས་པ