e-texts navigator
Collection
Volume
Page
Wylie

238a1 དུག་མྱེད་འགྱུར་བར་བྱ། ཉོན་མོངས་དུག་ཞི་ནས་ནི་རང་འབྱུང་སངས་རྒྱས་འགྱུར།། སྲིད་གསུམ་འཇིག་རྟེན་འདི་ན་ལུས་བདེ་འགྱུར་བའི་གཞི།། འདོད་པའི་ཟས་རྒྱུ་ཅུང་ཟད་ཇི་སྙེད་འཇིགས་པ་སྟེ། བདག་གིས
238a2 ལུས་བཏང་འཇིགས་པ་མྱེད་པར་འགྱུར་བར་བྱ། བགྲང་བ་འདི་ལ་གནོད་པ་བཟོད།། ནག་པོའི་ཕྱོགས་ལ་གྲོགས་ནི་བརྒྱ་སྟོང་ཕྲག་ཀྱང་མང་། དཀར་པོའི་ཕྱོགས་ནི་ཀར་ནའང་གྲོགས་པོ་ཙག་པུར་འགྱུར།། བདག་ནི་མྱི་དགེ
238a3 རྣམས་དང་ཆོད་པར་མྱི་བྱ་སྟེ། སངས་རྒྱས་བཟོད་པ་གསུམ་བདག་གི་གྲོགས་ཕྱོགས་བཅུའི་སངས་རྒྱས་དེ་དག་འདིར་ནི་བདག་གི་དབང་།། ཇི་ལྟར་སངས་རྒྱས་སྐུ་ལ་སེམས་ནི་མྱི་ཕྱེད་དོ།། སངས་རྒྱས་དང་ནི་བདག་ཉིད་ཆེ་ལྷ
238a4 བདག་གི་གྲོགས། གནོད་པ་བཟོད་པར་བྱའི་སྡང་བར་མྱི་བྱའོ།། གནོད་པ་ལུས་དང་ངག་ཡིད་རྣམ་པ་གསུམ་དུ་ཀསམ་ཏེ་གསུངས།། གང་བཟོད་དཔའ་བོ་དེ་ནི་མྱི་ཕྱེད་བཟོད་པ་ཡིན།། ལུས་ཀྱི་སྡུག
238a5 བསྔལ་རྣམ་པ་མཐའ་ཡས་ཡོད་པ་དག། གལ་ཏེ་ལུས་ལ་བ། ཟོད་པའི་ལུས་གནོད་དག་པར་འགྱུར། ལུས་ནི་དུམ་བུར་བུམ་བུར། གཏུབས་ཏེ་རྣམ་འཐོར་ཚེ།། ཐབས་ལྡན་ཆེ་བའི་བདག་ཉིད་ཕ་རོ།
238a6 བྱིན་རྫོགས་འགྱུར།། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་དང་། ཤེས་རབ་ཁྱད་འཕགས་དམ་པ་སྐད་ཅིག་ཙམ་གིས་འཛིན།། ལུས་དང་སེམས་ལ་སྲེད་པའི་ཉོན་མོངས་རྣམས་ཀྱང
238a7 འདོར། སྦྱིན་དང་རླབ་ཏུ་ལྡན་པར་འགྱུར། རྒྱ་དེ་རྟེན་ཀྱ་བྱེད་རྒྱ་ས་རྒྱས་ཀྱི་འགྱུར། ང་མ་ཨེ་ལ་འགྲོན་རྒྱ་མི་དགས་འཛིན། བཟོད་པའི་སྟོབས་བསྐྱེད་ཡན་ལཀ་རྣམས་དང་ཉིང་ལག་གཅོད།། དེ་ཡང་དེའི་བཟོད་པའི་ཕ་རོལ་དུ་ཕྱིན
238a8 ལ་སྦྱོར། འཚོན་འགྲུས་གཅེས་པ་མ་ཞུམ་པར་སྐབས་སྒྱིད་ལུག་མྱེད། ལུས་ནི་རྣམ་པར་འཐོར་ཞིང་བརྩོན་འགྲུས་ཕ་རོལ་འགྲོ།། བྱང་ཆུབ་སེམས་ཀྱི་བསམ་པ་དྲན་པ་མྱི་འདོར་ཞིང་། ཉོན་མོངས་མུན་པ་རྡུལ་རྣམས
238a9 གསལ་ཕྱིར་རབ་ཏུ་བཚོན།། ལུས་བཤིག་ནས་ནི་བསམ་གཏན་སྟོབས་དང་རྣམ་ཟར་ཐོབ། འདི་ཡང་རྡུལ་བྲལ་བསམ་གཏན་ཕ་རོལ་ཕྱི་ནད་ལ་སྦྱོར། བདག་གི་ལུས་ནི་བདག་མྱེད་མྱི་ལམ་གློག་དང་འདྲ།། འདི་ལ་བྱེད




iiif viewer powered by OpenSeadragon

237b - 238b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo