e-texts navigator
Collection
Volume
Page
Wylie

237b1 པར་བྱ། སུམ་བཅུ་རྩ་གཉིས་ཁྱད་འཕགས་མཚན་དང་དཔེའ་བྱང་བའང་།། གང་དག་གིས་ནི་སྟོབས་བཅུ་རྣམས་ཀྱིས་ལུས་མཛེས་པ།། དེ་དག་ཡོངས་སུ་བཅལ་ཕྱིར་མཆོད་སྦྱིན་བྱེ་བ་བྱེད། གནོད་པ་ཤིན་ཏུ་རྣམ་མང་བཟོད་ཅིང་ཡོན།
237b2 ཏན་ཕྱུག། བརྒྱ་ཕྲག་མཐའ་ཡས་ཞིང་རྣམས་དེ་དག་བདག་གིས་སྦྱར་།། རིན་ཅེན་ཆོས་མཆོག་དེ་ནི་བདག་གིས་བསྲུང་བར་བྱ།། རྒྱ་ཕྲག་མཐའ་ཡས་སེམས་ཅན་དེ་དག་དགྲོལ།། དེས་ན་གནོད་པ་བཟོད་ཅིང་བསམ་པ་མྱི
237b3 ཕྱེད་དོ།། ཕྱོགས་བཅུའི་སེམས་ཅན་ཁམས་ནི་མཐའ་ཡས་ཇི་སྙེད་པ།། ཐམས་ཅད་འདུས་པར་གྱུར་ནས་ལག་ན་མཚོན་ཚོགས་ཏེ། དེ་དག་དེ་ལ་འཇིགས་སྦྱིན་གཤེ་ཞིང་བསྡིགས་བྱེད་ཀྱང་ཡོན་ཏན་ཕྱིར་ནི་བསྡིགས་པ་འཕྱ་བ
237b4 བཟོད་པར་བྱེད།། སྔོན་མཐའི་བསྐལ་པ་བརྒྱ་ཕྲག་མཐ་ཡས་ཇི་སྙེད་པར། དེ་དག་རྒྱུན་མྱི་འཆད་པར་ཚིག་ཆུབ་སྦས་ཀྱང་ནི།། བདག་ཉིད་ཆེན་པོ་དེ་བཟོད་མྱིལ་ཁྲོ་གཤེ་བ་མྱེད།། དེ་ལྟར་རྟོག་པ་རྣམས
237b5 ནི་གནོད་པ་དག་པར་འགྱུར།། སེམས་ཅན་དེ་དག་ལག་ན་མཚོ། ན་ཐོགས་ལྷན་ཅིག་ཏུ། བདག་གི་ལུས་ཀྱི་ཡན་ལག་དུམ་བུར། དུམ་བུར་གཏུབས།། འོན་ཀྱང་བདག་གི་སེམས་ཡིད་ནམ་ཡང།
237b6 ཁྲོ་བར་མྱི་བྱ་སྟེ། བྱང་ཆུབ་ཡིད་ལ་བྱས་ན་གནོད་འདི་དག་པར་འགྱུར། འགྲེང་རམ་འདུག་ཀམ་འཆག་ཀམ་འོན་ཏེ་ཉལ་ཡང་རུང་།། གར་དུ་བྱང་ཆུབ་སེམས་མཆོག་འདི་དང་སྦྱིན་པ་དང་།།
237b7 དུལ་བའི་སེམས་དང་གཞན་ཡང་དཀར་སེམས་མྱི་འདོར་བ།། དེར་ནི་དེའི་ལུས་དུམ་བུར་དུམ་བུར་རྣམ་པར་འཐོར།། སེམས་དམྱལ་དུད་འགྲོའི་སྐྱེ་གནས་ཡི་དགས་འཇིག་རྟེན་མྱིར།། བསྐལ་པ་བརྒྱ་ཕྲག་མཐའ་ཡས།
237b8 དོན་བྱེད་ལུས་ཀྱང་གརྒྱས་རྒྱབ་ལེ་ངྒེ་ད་ས་སུམ་ད་ཤེས་ཁྱེ་ནི་ཡིདི་ཀྱང་བ་དག་ཀྱི་བྱེད།། མྱིའི་སྡུག་བསྔལ་རྒྱུ་ནི་རྣམ་པ་དུ་མ་དག། མཚམས་མྱེད་སྡུག་བསྔལ་བརྒྱར་ཡང་ཉེ་བར་མྱི་འགྲོ་བའི།། དམྱལ་བ་རྣམས་སུ་བསྐལ།
237b9 པ་བརྒྱར་ནི་ག་ནས་པར་སྲོ།། རྒྱལ་བ་དང་ནི་ཆོས་དང་སེམས་ཅན་གྱི་གཏོང་ངོ་།། བདག་ལུས་ཀྱི་རྟག་རིང་དུ་སྒྱུ་མ་འདྲ།། ཁམས་གཞི་དེ་དག་གདུག་པའི་སུལ་དང་འདྲ་བར་གསུངས།། བདག་གི་ལུས་བོར་བྱས




iiif viewer powered by OpenSeadragon

237a - 238a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo