e-texts navigator
Collection
Volume
Page
Wylie

237a1 སྐྱེས་བུ་དམ་པ་ཁྱོད་མྱུར་ཏུ་མྱ་ངན་ལས་འདས་པར་གྱིས་ཤིག་ཅེས་དེ་ལས་སེམས་བསྐུལ་ཞིང་། སེམས་དྲན་པར་བྱེད་ལ་བློ་གྲོས་རྒྱ་མཚོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟར་བྲལ
237a2 བར་བྱེད། དེ་ལྟར་མོས་པ་བཟློག་པ་བྱེད་ཀྱང་། སྔོན་གི་ཆོ་ག་མྱི་འདོར་ཞིང་། བསམ་པ་རྣམ་པར་འཁྲུག་པར་མྱི་བྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ངེས་པར་བྱང་ཆུབ་ཀྱི་སྙིང་པོ་གནན་པར་བྱ། བདག་གིས་ངེས
237a3 པར་བཏུད་དཔུང་དང་བཅས་པར་ཕམ་པར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། བདག་གིས་ངེས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བྱ། བདག་གིས་ངེས
237a4 པར་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་སུ་ཆོས་ཀྱི་གཏ་མ་ཆེན་པོ་བརྗོད་པར་བྱ།། བདག་གིས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ལ། ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ།། སངས་རྒྱས
237a5 དང་བྱང་ཆུབ་ཏུ་བ་སེམས་དཔའ་ཐམས་ཅད་དང་། བདག་དང་གཞན།། གི་སེམས་རིག་པཱསྟི་རྣམས་ཀྱིས་བྱང་ཆུབ་ཏུ་བསམ་པ་རིག་གིས།། བདག་གིས་ཐམས་ཅད་མཁྱེནད་པའི་སེམས་ཀྱི་གནོད་པ་བཟོད་པ
237a6 བྱའོ།། སངས་རྒྱས་རྣམས་དང་། ལྷ་རྣམས་དང་། སེམས་ཅན་ཐམས་ཅད་དང་བདག་ལ་སླུ་བར་མྱི་བྱའོ་སྙམ་པ་འདི་ལྟ་བུ་ནི། བློ་གྲོ་ས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་ཀྱི་གནོད་པ་བཟོད་ཅིང
237a7 ཐེག་པ་ཆེན་པོ་དེ་ལས་མྱི་བྱེད་པ་སྟེ། བློ་གྲོ་བ་རྒྱ་མཚོ་འདི་ནི་ཐམས་ཅད་མཁྱེནད་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིནང་པའི་གོ་ཆ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ
237a8 ཏུ་ཕྱིརྡ་པ་ཀོང་བ་མྱེད་པ་དང་། ཕ་རོལ་ཏུ་ཕྱིནད་པ་འདི་གཉིས་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་པའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ
237a9 བཅད་པ་འདི་དག་གསུངས་སོ།། བྱང་ཆུབ་ལས་ལས་བསམ་པ་མྱི་བྱེད་ཅིང་དེ་ནི་སྙིང་རྗེ་ལས་ཀྱང་བྱེད་མ་ཡིན། བདག་གིས་དཀོན་མཆོག་གསུམ་པོ་བསྲུང་བར་བྱ།། སངས་རྒྱས་ཆོས་རྣམས་ཡང་དག་པར་བསྒྲུབ




iiif viewer powered by OpenSeadragon

236b - 237b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo