| e-texts navigator |
| Wylie |
236b1 བྱ། ཚེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་མྱི་བརྗེད་པར་བྱ་སྟེ། སེམས་ཅན་མ་དུལ་བ་མ་ཞི་བ། མ་སྦས་པ། ཉེ་བར་མ་ཞི་བ། འདི་ལྟ་བུ་དག་གི་དོན་དུ་བདག་གིས་གོ་ཆ་ཆེན་པོ་བགོས་ཏེ། འདི་ལྟར་སེམས་ངེས་པར་སེམས་སུ་གཞུག
236b2 གོ་སྙམ་པ་འདི་ནིན་དེའི་བསམ་གཏན་གི་ཕ་རོལ་ཏུ་ཕྱིནད་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཤེས་རབ་འཆལ་པ། བདག་ཏུ་སྨྲ་བ་སེམས་ཅན་དུ་ལྟ་བར་དམྱིགས་པའི་འཁྱོད་ཡུལ་བ་སྟེ། འདི་ནི་བདག
236b3 ལ་གཤེ་ཞིང་བསྡིགས་པའོ།། བདག་གི་ཆོས་ཉིད་ལ་རྟེན་པར་བྱའོ་སྙམ་སྟེ་འདི་ལ་གཤེ་བ་དང་། ཁྲོ་བ་སུ་ཡིན་ཞེས་དེས་ཡོས་སུ་ཚོལ་བ་ན། གང་གཤེ་བ་དང་། ཁྲོ་བའི་ཆོས་དེ་མྱི་དམྱིག་ཤིང་བདག་དང་ཀན་གྱི་ཀྱི་བྲ་དབྱིས་རྔ་ལྟ་དང་། བྲལ
236b4 བར་བཟོད་པ་འདི་ནི་དེའི་བཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། བློ་ཆོས་རྒྱ་མཚོ་དེ་ལྟར་ན་ཐབས་མཁས་པའི་བྱང་ཆུབ་སེམས་དཔའི་དོན་དུ་བརྗོད་པ་དང་། ངན་དུ་སྦ་བའི་ཚིག་གི་ལམ་དང་། གཤེ་བ་དང་།
236b5 བསྡིགས་པ་དག་ཕ་རོལ་ལས་ཐོས་ན། ཕ་རོལ་ཏུ་ཕྱིནད་པ་དྲུག། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་། ཐེག་པ་ཆེན་པོ་དེ་ས་ཀྱང་མྱི་ཉམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་རག་གནོད་པ
236b6 བཟོད་པའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་བདུད་ཐམས་ཅད་ཀྱི་ཆུ་ཀྱིས་དེ་ལས་ཕྲལ་ཡང་མྱི་གཡོ་བ་དང་ཕས་ཀྱི་རྒོལ་བ་དབྱིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐོས
236b7 ཅད་ཀྱིས་ཡང་དག་པར་བསམ་པར་ཞུགས་པ་ཐམས་ཅད་མཁྱེནད་པའི་སེམས་དེ་ལས་མོས་པ་བཟློག་ཀྱང་མྱི་བརྗེད་པ་དང་། སངས་རྒྱས་ཀྱི་གཟུགས་སུ་འདུག་ཀྱང་མྱི་མཉམ་པ་དང་། མཉམ་པའི་སེམས་དེ་ལས་ཉམས་པའི
236b8 སེམས་དེ་ལས་ཉམས་པར་བྱེད་མྱི་ནུས་ཏེ། བདུད་རྫུ་འཕྲུལ་རབ་ཏུ་ཆེན་པོ་དག་གིས། ཁྱོད་ཀྱིས་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པར་མྱི་ནུས་ཀྱིས། ཁྱོད་ཀྱིས་གཅེས་པར་བྱ་བ་འདི་ཐོང་ཤིག། ཁྱོད་ཀྱིས་བརྩོན་འགྲུས
236b9 འདི་བོར་ཅིག། བྱང་ཆུབ་ནི་རྙེད་པར་དཀའ་བ་སངས་རྒྱས་ཀྱི་ཆོས་རྣམས་ནི་རྙེད་པར་དཀའ་བ་སྟེ། འདིར་འཁོར་བའི་སྡུག་བསྔལ་མང་དུ་མྱོང་བར་འགྱུར་རོ།། གང་དག་མྱ་ངན་ལས་འདས་པ་དེ་དག་ནི་བདེ་བ་ཡིན་ཀྱིས།