e-texts navigator
Collection
Volume
Page
Wylie

236a1 པ་འདི་ལྟ་བུ་རབ་ཏུ་ཐོཟ་སྟེ། སེམས་ཅན་འདི་ནི་སྔོན་ནས་སེར་སྔ་ཅན་དུ་གྱུར་པ་འཇུངས་པ་སྟེ། སེར་སྣའི་དྲི་མས་ཀུན་ཏུ་བསྐོ་རད་པ་དེས། གང་དག་དེའི་གནོད་སེམས་ཀྱི་དྲི་མ་སྤང་བའི་ཕྱིར་ཆོས་སྟོན་པའི་དགེ་བའི་བསེན
236a2 གཉེན་རྣམས་ལ་མ་བསྟེན། གུས་པར་མ་བྱས། བསྙེན་བཀུན་མ་བྱས་པའོ།། བདག་ནི་གཏོང་བ་ལ་མོས་སེར་སྣ་མྱེད་པར་བྱ། དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བྱའོ།། སྙམ་སྟེ། དེ་དག་བསྲུར།
236a3 ཞིང་གནོད་སེམས་ཀྱང་སྤོང་བ་འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པའོ།། གཞན་ཡང་འདི་སྙམ་ཏུ་སེམས་ཏེ། སེམས་ཅན་འདི་ནི་ཚུལ་ཁྲིམས་འཆལ་པ་ལས་མ་མཐོང་བ་སྟེ། དེ་ནི་བདག་ལ་གཤེ་བཞིར་སྡིགས་པའོ།། བདག་ནི
236a4 ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ལས་ཉམས་བར་མྱི་བྱའོ།། རྒན་མེས་པ་བྱེད་པར་བྱའོ།། བྱང་ཆུང་ཀྱི་སེལ་སོསུ་བཟུང་བར་བྱའོ།། ལས་ཀྱི་རྣམས་པར་སྦྱིན་པ་ལ་བརྟན་པར་བྱའོ་སྙམ་པ་འདི་ནི་དེའི་ཚུལ
236a5 ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས།། ཏེ། སེམས་ཅན་འདི་ནི་ཞེ་སྡང་གི་ཤས་ཆེ་ཞིང་གནོད་སེམས་མང་བ། སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ།། བདག་ནི་བཟོད
236a6 པའི་སྟོབས་མང་དུ་བྱ་སྟེ། བྱམས་པ་ལ་གནས་པར་བྱའོ་སྙམ་པའི་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱི་ནད་པའོ་གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ་སེམས་ཅན་འདི་ནི་ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ།
236a7 དེ་ནི་བདག་ལ་གཤེ་ཞིང་སྡིགས་སོ།། བདག་ནི་འརྩོན་འགྲུས་བརྩམ་པར་བྱ། དགེ་བའི་ཁ་བ་ཡོངས་སུ་བཙལ་བར་འརྩོན་པ་ལ་མྱི་ངོམས་པར་བྱའོ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་རྗེས་སུ་འཇུག་པར་བྱས
236a8 ཕྱིས་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་དེ་ལྟར་ཀོ་ཆ་གྱོན་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། གཞན་ཡང་འདི་འདི་སྙམ་དུ་སེམས་ཏེ།
236a9 སེམས་ཅན་འདི་ནི་བརྗེད་ངས་པ། ཤེས་བཞིན་མྱེད་པ། ཉོན་མོངས་པ་ངེས་པར་མ་བསྡམས་པ་སྟེ། དེ་ནི་བདག་ལ་གཤེ་ཞིང་སྡིགས་པའོ།། བདག་ནི་ཉོན་མོངས་པ་ངེས་པར་བསམ་པར་བྱ། དྲན་པ་དང་ཤེས་བཞིན་ཅན་དུ




iiif viewer powered by OpenSeadragon

235b - 236b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo