| e-texts navigator |
| Wylie |
235b1 བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། གང་ལུས་རྣམ་པར་འདོར་བ་ན་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་དེ་མྱི་བརྗེད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་དང་། ཞི་བ་དང་། རབ་ཏུ་ཞི་བ་ལ་སོ་སོར་རྟོག་པ་འདི་ནི། དེའི་བས
235b2 གཏན་ཀྱི་ཕ་རོལན་ཏུ་ཕྱིནད་པའོ།། གར་ལུས་གཅོད་པ་ན་ལུས་ལ་བ་ཏྲ་དང་ཅིག་པ་དང་། ཤིང་དང་རྡོ་བ་དང་། མྱིག་ཡོར་ལྟ་བུར་རྟོག་ཅིང་ལུས་ལ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་། ཡང་དག་པར་མྱི་རྟ། ཉིད་དང་། ཡང་དག
235b3 སྡུག་བསྔལ་བ་ཉིད་དང་། ཡང་དག་པར་ན་བདག་མྱེད་པ་ཉིད་དང་། ཡང་དག་པར་ན་ཞི་བ་ཉིད་དུ་ལུས་རྟོག་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་ད་།
235b4 ལུས་གཅོད་པན། ཕ་རོལ་ཏུ་ཕྱིནད་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་ཐེག་པ་ཆེན་པོ་དེ་ལས་ཉམས་པར་མྱི་འགྱུར། འདི་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པའོ།།
235b5 གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའ་ངག་གི་གནོད་པའི་བཟོད།། པ་གང་ཞེ་ན། གང་ངན་དུ་བརྗོད་པའི་ཚིག་ཐམས་ཅད་དང་དུ་ལེན་པ། དང་གཤེ་བ་དང་། སྡིགས་པ་དང་། སྨད་པ་དང་། བཤུང་བ་དང་།
235b6 སྡིགས་མོ་བྱེད་པ་ཐམས་ཅད་བཟོད་པ་དང་། ཡོད་པ་འམ་མྱེད་པས་གླེངས་ཀྱང་མྱི་འཁྲོ་བ་དང་། ཁོན་དུ་མྱི་འཛིན་པ་དང་། བག་ལ་ཉལ་སྟེ་ང་བའོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ
235b7 སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་། ངན་དུ་སྦས་པའི་ཚིག་གི་ལམ་དང་། གཤེ་བ་དང་། བསྡིགས་པ་དག་ཕ་རོལ་ད་ལས་ཐོས་ནས་ཕ་རོལ་ཏུ་ཕྱིནད་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།།
235b8 བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ད་ལས་ཟོས་ནས། ཕ་རོལྡ་ཏུ་ཕྱིནད་པ་དྲུག་བསྒོམ་པ
235b9 ཡོངས་སུ་རྫོགས་པར་འགྱུར་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་། བསྡིགས་པ་དག་ཕ་རོལ་ལས་ཟོས་ན། དྲན