| e-texts navigator |
| Wylie |
235a1 ནི་མ་ཡིན་ནོ་སྙམ་མོ།། བློ་གྲོས་རྒྱ་མཚོ་ལུས་དང་སྲོག་འདོར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་རྣམས་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ།། གང་གི་གཞི་ལས་གནོ།
235a2 སེམས་བྱུང་བའི་ཆོས་དེ་བདག་གིས་སྤང་བར་བྱའོ་སྙམ་མོ།། ཆོས་དེ་གང་ཞེ་ན་འདི་ལྟ་སྟེ་ལུས་ལ་དཀའ་བ་དང་། ལུས་ལ་གནས་པ་དང་ལུས་ལ་ཆགས་པ་སྟེ། ལུས་བཏང་ནས་གནོད་སེམས་ཀྱང་གཏོང་ངོ་།། བློ་གྲོས་རྒྱ་མཚོ་དེ་ལྟ
235a3 བགྲང་བ་ལས་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་བཟོད་དེ་ཀྱི་སྐྱོ་མྱི་ཁྲོའོ།། དེ་གནོད་པ་གསུམ་འབོད་དེ། གསུམ་གང་ཞེ་ན། ལུས་ཀྱི་གནོད་པ་དང་། ངག་གི་གནོད་པ་དང་། སེཾམ
235a4 ཀྱི་གནོད་པའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་ཡན་ལག་དང་ཉིང་ལག་རྣམས་པ་ཅད་ཀྱང་ཆོས་ཉིད་ལ་རྟོན་ཏེ། གང་དེའི་ལུས་གཅོད་པའི་སེམས་ཅན་དེ
235a5 ཉིད་ལ་བལྟའོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་ཇི་ལྟར།
235a6 ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིནད་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གང་ལུས་འདོར་པ་དང་། ལུས་ཡོངས་སུ་གཏོང་བ་དང་། ལུས་ལ་མྱི
235a7 ལྟ་བ་འདི་ནི། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པའོ།། གར་ལུས་ཡོངས་སུ་གཅོད་པ་ན། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་། ཚོར་བ་རྣམས་ཀྱིས་མྱི་འཕྲོགས་པ་འདི་ནི། དེའི་ཚུལ་ཁྲིམས་ཀྱི་ཕ་རོལ།
235a8 ཏུ་ཕྱིནད་པའོ།། གང་ལུས་ཡོངས་སུ་གཅོད་པ་ན། གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐ་དད་པར་བྱ་བའི་ཕྱིར་བཟོད་ཅིང་སེམས་ཀྱིས་རྨ་མྱི་ཕྱིན་ཏེ། བཟོད་པའི་སྟོབས་ཉེ་བར་རྟོན་པ་འདི་ནི་དེའི་བཟོད་པའི་ཕ་རོལ
235a9 ཏུ་ཕྱིན་པའོ།། བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེནད་པ་ཉིད་ལ་འདུན་པ་མྱི་འདོར་ཞིང་སེམས་ཀྱི་སྟོབས་སྐྱེད་པ་ཡང་རབ་ཏུ་འཛིན་ལ་འཁོར་བ་ཉིད་དུ་མཚམས་སྦྱོར་ཞིང་། དགེ་བའི་ཆ་བ་ཚམ་པ་ཡང་ཆོམ་པ་འདི་ནི། དེའི།