| e-texts navigator |
| Wylie |
234b1 གང་དུ་བདག་གི་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ་བདུད་འགྲོའི་སྐྱེ་གནས་སུ་སོང་ངམ་གཤིན་རྗེའི་འཇིག་རྟེན་དུ་སོང་རམ། མྱིར་གྱུར་ཀྱང་རུང་སྟེ། འདོད་པའི་ཟས་ཀྱི་དྲི་མས་དྲི་མ་ཅན་དུ་གྱུར་ད་ནས། ཆོས་ཟོས་པ་དང
234b2 མྱི་ལྡན་ཞིང་ཡ་ར་བའི་འཚོ་བའི་སྤྱོད་ཡུལ་དོན་མྱེད་པས་འཚོ་བ་ཅན་དུ་གྱུ་རད་ཏེ། ཡན་ལག་དང་ཉིང་ལག་བརྒྱར་གཤེགས་ཤིང་གཏུབས་ཏེ་ཕྱེ་ཤིང་ཕྲལ་ལ་བྱ་བ་རྣམ་པ་མར་པོས་ཀྱང་། བདག་གིས་གཞི་དེ་ལས་བདག་གི་དོན
234b3 བྱས་ཀྱི། གཞན་གི་དོན་མ་བྱས་ཏེ། གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་གིས། ཕྱི་མའི་མཐར་བདག་གི་ལུས་གཤེགས་གཏུབས། རྣམ་པར་གཏོར་ད། རྣམ་པར་བཅོམ་པ་དེ་ལྟ་བུར་གྱུར་ཀྱང་། བདག་གིས་ཐམས
234b4 ཅད་མཁྱེན་པ་ཡོངས་སུ་མྱི་གཏོང་ངོ་།། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏོང་ངོ་།། དགེ་བའི་ཆོས་ལ་འདུན་པ་ཡོངས་སུ་མྱི་གཏོར་།། དེ་ནི་འི་ཕྱིར་ཞེ་ན། ལུས་གཏུབས་པའི་ལུས་ཀྱི་གནོད་པ་འདི་ཐམས་ཅད
234b5 ནི། སེམས་ཅན་དམྱལ་བའི་སྡུག་བསྔལ་གི་བརྒྱའི་ཆར་ཡང་ཉེ་བར། མྱི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མྱི་བཟོད་རྡོ།། བདག་ནི་སེམས་ཅ། ན་དམྱལ་བར་གནས་པར་ནི་སྲོའི། བདག་གིས་སངས་རྒྱས་ཀྱི
234b6 ཆོས་བཏང་བར་ནི་མྱི་བྱའོ།། སེམས་ཅན་ཐམས་ཅད་རབ་ཏུ་ཟར་པར་བྱ་བ་ལ་དམྱིགས་པའི་སྙིང་རྗེ་ཆེན་པོ་མྱི་གཏོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ། དགེ་བ་ལ
234b7 ནི་བར་ཆད་མང་ངོ་།། མྱི་དགེ་བའི་ཕྱོགས་ལ་གྲོགས་བྱེད་པ་ནི་མང་ངོ་།། དགེ་བའི་ཕྱོགས་ལ་གྲོགས་བྱེད་པ་ཉུང་ངོ་ཞེས་གསུངས་པས། བདག་གིས་མྱི་དགེ་བའི་ཕྱོགས་ཀྱི་གྲོགས་མྱི་བྱའི། དགེ་བའི་ཕྱོགས་ཀྱི་གྲོགས་བྱ
234b8 འོ།། སེམས་ཅན་ཐམས་ཅད་ལ་བཟོད་པ་བྱའི།། གནོད་སེམས་སུ་མྱི་བྱའི། སེམས་ཅན་དེ་དག་ལ་གང་ཡོད་པ་དེ་བྱིན་ཡང་། བདག་ལ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱ་སྟེ། སེམས་ཅན་དེ་དག་ལ་གནོད་སེམས
234b9 དང་། ཁྲོ་བ་དང་། འཁོར་དུ་འཛིན་པ་ཡོད་པ་དེ་དག། དེ་རྣམས་ཀྱིས་བྱིན་ཡང་བདག་ལ་བཟོད་པ་དང་། དེས་པ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱའོ།། བདག་གིས་བཟོད་པའི་སྟོབས་བརྟན་པར་བྱའི།། གནོད་སེམས