| e-texts navigator |
| Wylie |
234a1 ཐམས་ཅད་ཀྱི་ཞུར་ཡང་བཟོད།། སྒྲོལ་བས་ཀྱང་སྐྱོ་བ་མྱེད། ཞུམ་པ་མྱེད་ཀུན་ཏུ་ཞུམ་པ་མྱེད་སྲིད་ལུག་པ་མྱེད། ཡི་ཆད་པ་མྱེད་ཀྱི་སྟོབས་ཉེ་བར་རྟོན་པར་བྱེད། མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས་བཅོམ་ལ།
234a2 བརྟུལ་བས་བརྟུལ་བར་བྱེད་དེ། སྤྲོ་བ་སྐྱེད་ཅིང་རྨོངས་པའི་སེམས་མྱི་འཛིནད་ཏོ།། དེ་མྱོས་ཀྱང་སླར་མྱི་གཤེ། བརྡེགས་ཀྱང་སླར་མྱི་བརྡེག། ཁྲོས་ཀྱང་སླར་མྱི་ཁྲོ། འཁྲུགས་ཀྱང་སླར་མྱི་འཁྲུག་སྟེ། དེ་ལྟར་སེམས་བགྲང
234a3 བའི་གོ་ཆ་གྱོན་ཏོ།། འདི་ལྟ་སྟེ་ཐེག་པ་ཆེན་པོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མྱི་མཐུན་པའི་ཐེག་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་ཀྱི་རྗེས་སུ་འགྲོ་དག་གོ།། བདག་ནི་རྒྱུན་ལས་ལྡོག་པར་ཚོལ་བར
234a4 འདོད་པའོ།། སེམས་ཅན་དག་ནི་ཕན་ཚུན་གྱི་མཐུན་པར་དག་གོ།། བདག་ནི་སེམས་ཅན་ཐམས་ཅད་ཀྱི་མཐུན་པ་སྤང་བའི་ཕྱིར་གོ་ཆ་བགོས་པའོ།། སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བ་དག་གོ།། པད
234a5 ནི་བཟོད་པ་དང་དེས་པ་ཡོངས་སུ་ཚོལ་བའོ།། སེཾས་ཅན་དེ་དག་ནི་གཅིག་ལག་ཅི། ཡོད་སུ་འདྲིས་ཏེ། ཨནཱ་ཡ་དའོ།། དག་ནི་སྐེ་རབ་ཀྱིས་ངོས་པ་ཡོང་སུ་ཚོལ་བའོ།། གལ་ཏེ་སེཾས་ཅན་དེ་དག་ཕྱོག་བཅུའི་རབ་ཏུ་དབྱེ་བཱ་རཱ་ཏུ་བྱེ་བདི་སྙེད་དེ་དཔེས་ནས་ཀྱི་མ་དུང་ཞུར་དང་། མདའ་བོ་ཆེ་ལག་ན
234a6 ཐོགས་ཏེ། བདག་གི་ཕྱི་བཞིན་འབྲང་ཡང་ས་ཕྱོགས་སུ་འགྲེང་རམ། འདུག་གམ་འཆག་གམ། ཉལ་ཡང་རུང་སྟེ། བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་དང་། སྦྱིན་པའི་སེམས་སམ། ཚུལ་ཁྲིམས་ཀྱི
234a7 སེམས་སམ། བཟོད་པའི་སེམས་སམ། བརྩོན་འགྲུགི་སེམས་སམ། བསམ་གཏན་གི་སེམས་སམ། ཤེས་རབ་ཀྱི་སེམས་སམ། ཟོས་པའི་དགེ་བའི་ཐ་བའི་སེམས་སྐྱེ་བར་འགྱུར་བའི་ས་ཕྱོགས་དེར་དེ་བདག་ལུས
234a8 རྒྱ་ཤུག་གི་ལོ་མའི་རྒྱ་ཅ་ཙམ་དུ་བཏུབས་སམ། རྣམ་པར་གཏོར་ཏམ། རྣམ་པར་བཅོམ་འམ། སེམས་ཅན་དེ་དག་ཐམས་ཅད་ལས་གཞན་གྱི་བྱེད་པར་རྒྱུན་ཏུ་གཤེ་བ་འམ། བསྡིགས་སམ། སྨོད་དམ། སྲུང་ངམ།། ཚིག
234a9 ངན་པ་འམ། ངག་ཆུབ་པོས་སྨྲ་བ་དེ་ལྟར་གྱུར་ཀྱང་། བདག་གིས་སེམས་ཅན་འགལ་ལ་ཡང་འཁྲུག་པའི་སེམས་བསྐྱེད་པར་མྱི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་གི་མཐའ་ནས་འཁོར་བ་ཚད་མྱེད་པས་བྱས་ཏེ།