| e-texts navigator |
| Wylie |
233b1 བམ་པོ་གཉིས།། ། བློ་གྲོས་རྒྱ་མཚོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པ་ནི་ཇི་ལྟ་བུ། ཐམས་ཅད
233b2 མཁྱེནད་པར་སེམས་བསྐྱེད་པ་རིན་པོ་མེ་དེའི་གནོད་པ་ནི་གང་ཞེ་ན། བྲོ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེད་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན།
233b3 བའི་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས།། བདུད་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། བཅུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སམ།། བདུད་ཀྱི་ཕོ་ཉ་རྣམས་ཀྱིས་གཙེས་སམ། རྣམ་པར་གཙེས
233b4 སམ། བསྐྱོད་དམ། ཀུན་ཏུ་བསྐྱོད་དམ། བཀྲུགས་སམ། ཀུན་ཏུ་བཀླགས་སམ། སྡིགས་སམ། བརྡེགས་ཀྱང་། བྱང་ཆུབ་ཏུ་བསམ་པའི་སེམས་བསྐྱེད་པ་དེ་ལས་མྱི་ཕྱེད་པ་དང་སེམས་ཅན་ཐམས་ཅད་རབ་ཏུ་ཟར
233b5 པར་བྱ་བའི་སྙིང་རྗེ་ཆེན་པོས་བཚོན་འགྲུས་པ་ཚམས་པ་ལས་མྱི་སྐྱེ་ད་པ་དང་། དཀོན་མཆོག་གསུམ་གི་རིགས་མྱི་འཆད་པར་བྱ་བར། བརྩོན་པ་ལས་མྱི་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅ
233b6 ཡང་དག་པར་བསྒྲུབ་པའི་དགེ་བའི་ཚ་བ་ལ་སྦྱོར་བ་ལས་མྱི་ཕྱེད་པ་དང་། མཚན་དང་དཔེའ་བྱད་བཟང་པོ་ཡོངས་སུ་གྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་སོཚོགས་པ་ལས་མྱི་ཕྱེད་པ་དང་། སངས
233b7 རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་མངོན་པ་སླབ་པར་བརྩོན་པཔས་མྱི་ཕྱེད་པ་དང་། ལུས་དང་སྲོག་འདིར་དམ་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར་བརྩོན་པ་ལས་མྱི་བྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྦྱིན་པར་བྱ་བ།
233b8 ལ་མངོན་པར་འཚོན་ཞིང་། བདག་བདེ་བ་ལ་མྱི་ཆགས་པ་ལས་མྱི་བྱེད་པ་སྟེ།། དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས། སེམས་ཅན་ཐམས་ཅད་ཀྱིས་ཀྱང་དཔྱས་ཀྱང་བཟོད། ཐིང་སྐད་བྱས
233b9 པ་དང་། སྨོད་པ་དང་། བཤུར་བ་བྱས་ཀྱང་བཟོད།། སེམས་ཅན་ཐམས་ཅད་ཀྱིས་མྱོས་སམ། ངན་དུ་བརྗོད་དམ་རན་དུ་སྨྲས་པའི་ཚིག་གི་ལམ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བཟོད།། སེམས་ཅན