| e-texts navigator |
| Wylie |
233a1 ལྡན།། བརྟན་པ་དེ་ནི་ཡན་ལགྲ་བརྒྱད་ལམ་མཆོག། དེ་ནི་འདོད་དང་ང་འཇིགས་མྱི་འགྲོ་ཡི།། གཏི་མུག་བྲལ་ཞིང་དབང་པོ་ཤིནད་ཏུ་བསྡམས།། ཆོས་ཀྱི་སྦྱིན་པ་དེ་ནི་སེར་སྣ་མྱེད།། སློབ་དཔོན་ནམ་ཡང་ཆོ།
233a2 འཆབ་མྱི་བྱེད་དེ།། ཟང་ཟིངར་མྱེད་པར་ཆོས་ནི་སྟོན་པར་བྱེད།། དེས་ན་དེའི་བྱང་ཆུབ་སེམས་དཀར་འགྱུར།། དེ་ནི་ཟང་ཟིང་རྣམས་ལ་ཀུན་འཛིན་མྱེད།། རྣམ་སྨིན་རེ་མྱེད་འདོད་དགུ་གཏོང་བར་བྱེད།། སྦྱིན་དང་སྙན་དང་དོན།
233a3 བྱེད་དོན་མཐུན་པས།། དེ་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད།། དེ་ཡི་བྱང་ཆུབ་སེམས་ནི་བརྗེད་མྱི་འགྱུར།། ཐེག་པ་དམན་ལ་ནམ་ཡང་རེ་བ་མྱེད།། ཇི་ལྟ་ཇི་ལྟར་སངས་རྒྱས་ཡོན་ཏན་མཐོང་།། དེ་ལྟ་དེ་ལྟར་དེ་བསམ
233a4 རི་རབ་འདྲ།། ནང་ནི་རབ་ཞི་སྲིད་པའི་ཉེས་པ་མཐོང་།། དེ་ནི་ཀཿ། ན་གི་འཁྲུལ་པ་ལྟ་མྱི་བྱེད།། འདུས་བྱས་ཉེས་པ་དག་ཀྱང་ཤིན་ཏུ་མ་དབོང་།། འཁོར་བས་འཇིགས་པས་སྡིག་པ་རྣམས་མྱི་བྱེད།།
233a5 ལེགས་གྱོད་ཁུར་ཁྱེར་པས་ནི་སྐྱོ་བ་མྱེད།། ཞིང་རྣམས་སྦྱོང་བར་འདོད་ལ་ཉམས་པ་མྱེད།། ཆོས་རྣམས་ཡོངས་སུ་བཟུང་བས་ཞུ་བ་མྱེད།། སེམས་ཅན་ཟར་བྱེད་རྒྱུ་ལ་འཇིགས་པ་མྱེད།། ཆུ་ན
233a6 བཞི་པོ་ད་ལ་བསྒྲལ་པའི་ཕྱིར།། དེ་ནི་ཆོས་གྲུ་ཡང་དག་སྦྱོར་བར་བྱེད། ལུས་ཅན་མྱ་ངན་འདས་ལམ་བཟུང་བའི་ཕྱིར།། དེ་ནི་སྟེགས་དང་ཟམ་པ་འཆ་བར་བྱེད།། འདམ་ལས་རྒལ་ཞིང་འོབས་ལས་རྒལ་ནས་ནི།།
233a7 པཔང་ལ་གནས་ཤིང་དེ་དག་འཇིགས་མྱེད་གནས།། འཇིགས་པས་གཡེམ་སྐྱོ་རྣམས་ལ་འཇིགས་མྱེད་སྟོནད།། བདག་ཉིད་རྒལ་ནས་དེ་དག་གཞན་ཡང་སྒྲོལ།། གང་དག་ཆོས་ཚུལ་འདི་དག་རྣམ་དག་ཅིང་། རྫོགས་ཏེ
233a8 བྱང་ཆུབ་སེམས་བརྟན་ཁ་ལོ་བསྒྱུར།། དེ་དག་བྱང་ཆུབ་སེམས་མཆོག་རྣམ་དག་སྟེ།། ཉོན་མོངས་དྲི་མས་གཞན་ཡང་གོས་མྱི་འགྱུར།། ཇི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས། དེ་ལ་རྗེས་ཀྱང་བསྟནད་པར་དུས
233a9 སྲིད་ཀྱི།། རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས།། དེ་ནི་ནམ་ཡང་ཉོན་མོངས་བྱར་གྱི་དུས། ཐམས་ཅད་མཁྱེནད་པའི་སེམས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ལེའུ་སྟེ་དང་པོའོ།།