| e-texts navigator |
| Wylie |
232b1 མྱེད།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོར་ཡིན།། སྡུག་བསྔལ་བདེ་བས་མྱི་གཡོ་གཡོས་དང་མཚུངས།། བསམ་པ་དག་པས་ཆུ་ལྟར་དྲི་མ་འཁྲུ།། རྟག་ཏུ་རློམ་སེམས་མྱེད་པས་མྱེ་དང་མཚུངས།། གནས
232b2 མྱེད་རྒྱུ་བས་རྟག་ཏུ་རླུང་དང་འདྲ།། རྟག་ཏུ་དྲི་མ་མྱེད་པར་མཁའ་མཉམ་སེམས།། རབ་ཏུ་བྱུང་བས་སངས་རྒྱས་བསྟན་པ་རྙེད།། ལུས་ནི་དབེན་ཞིང་ཞི་བས་དགོན་པར་དགའ།། སེམས་དབེན་པས་ནི་ཆོས་ཀྱི་མཆོག
232b3 ལ་སྤྱོད།། དགེ་བ་བདེན་པ་སྨྲ་དང་ཡང་དག་སྨ།། ཇི་སྐད་སྦས་པ་དེ་ནི་དེ་བཞིན་བྱེད།། ཉོན་མོངས་མྱི་རྫི་དགེ་ལ་དཔའ་བོ་མཆོག། ཤིན་ཏུ་བསླ་པྲ་བྲ་བསླབ་པ་ཡང་དག་འཛིན།། དེ་ལ་ལྷོད་པ་ནམ་ཡང་ཡོད་མ་ཡིན།
232b4 ཁ་ན་མ་པོ་ཆུང་ལའང་རྟག་ཏུ་འཇིགས།། བྱང་ཆུབ་མཆོག་རྒྱུའིལ་ཁྲིམས་ཉམས་པ་མྱེད།། ཡོན་ཏན་དཀར་སྤྱོད་ཚུལ་ཁྲིམས་འདྲིས་བ་མྱེད།། དགེ་བའི་བཤེས་གཉེན་བསྟེན་ཅིང་སྡིག་པ་མྱེད།། ཇོག།
232b5 པའི་བྱང་ཆུབ་སེམས་སོཚོགས་བྱ་ཕྱིར་བརྟན།། དེ་ལྟར་དེའི་མྱིག་ནི། དྲི་མྱེད་ཀྱིས།། འཇིག་རྟེན་ཀུན་ལ་འོད་ཟེར་མཉམ་པ་ལྟར།། མཁས་པ་དེ་ནི་སྣ་ཚོགས་སྨྲ་ཐོས་ནས། དགའ་མྱེད་རངས་པ་མྱེད
232b6 ཅིང་ཞུམ་པ་མྱེད།། བློ་ལྡན་དེ་ནི་སྨྲའི་དོན་རྟོགས་ཤེས།། དེའི་རྣ་བ་དེ་ལྟར་རྣམ་དག་ཉིད།། སྣའི་དྲི་དང་ལྕེའི་ས་རོ་རྣམས་དང་།། ལུ་ས་ཀྱིས་རེག་དང་ཡིད་ཀྱིས་ཆོས་རྣམས་ལ། རེག་ནས་མ་ཁེངས
232b7 མ་ཏུད་ཞུམ་པ་མྱེད།། དེ་ལྟར་དེའི་དབང་པོ་དག་པ་ཉིད།། ཆགས་པས་མྱི་ཆགས་སྡང་བས་སྡང་བ་མྱེད།། གཏི་མུག་མ་རྨོངས་མྱི་སྡུག་གནས་པ་ཅན།། བྱམས་ལ་དཀའ་ཞིང་རྐྱེན་གི་ཆོས་སེམས་པ།། འདི་ནི་ཐམས
232b8 ཅད་མཁྱེན་པའི་སེམས་སྤྱོར་ཡིན།། སྒྲིབ་པ་དག་གིས་བསྒྲིབས་པ་བྱེད།། དེ་ལྟར་དེས་ནི་དབང་པོ་ལྔ་ཡང་བསྒོམས།། དེ་ནི་ཀང་དུ་ཡང་སྒྲིབ་མྱེད་བཅིངས་པའང་མྱེད།། སྟོབས་རྣམས་ལྔ་པོ་དག་ལ་རབ་ཏུ་གནས
232b9 ཀུན་ནས་ལྔ་ཤེས་ཤིང་བྱུང་བ་ཉིད།། ཚུལ་བཞིན་མ་ཡིན་སྤངས་ཤིང་ཚུལ་བཞིན་གནས།། དྲན་པ་ཉེ་བར་གཞག་པ་བཞི་ལ་བསྟེན།། ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པར་ལྡན།། བྱང་ཆུབ་ཡན་ལག་བསྟེ་ནད་དང་རྟག་ཏུ