e-texts navigator
Collection
Volume
Page
Wylie

232a1 མྱེད། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོད་ཡིན། རྟག་ཏུ་དྲང་ཞིང་གཡོ་ནི་རྣམ་པར་སྤངས།། གཞན་ལ་ཕན་བྱེད་སྡིག་པ་རྣམ་པར་སྤངས། ལྷག་བསམ་དགེ་བལ་ཅི་ཡིན་རྗེས་སུ་འཇུག། འདི་ནི་ཐམས་ཅད
232a2 མཁྱེནད་པའི་སེམས་སྦྱོར་ཡིན།། ཤེས་རབ་རབ་འཇུག་དྲན་དང་ཤེས་བཞིན་ཅན། སེམས་རབ་དུལ་བས་སེམས་ནི་ལས་སུ་རུང་། སྦྱངས་པའི་ཡོན་ཏན་རྣམས་དང་གསོའ་སླ་བ།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོད
232a3 ཡིན།། འཕགས་རིགས་ཆོག་ཤེས་པ་དང་ཚིག་གཉེན་དང་། བླ་མ་རྣམས་ལ་རྟག་ཏུ་འདུད་བྱེད་པ། བཚོད་བརྫུན་ང་རྒྱལ་སྤངས་དང་སྟོབས་ལྡན་དང་། བརྙས་པ་ལོག་པ་ནམ་ཡང་བྱེད་མ་ཡིན།། སེམས་ནི་དེས་སེམས
232a4 མངོན་པའི་ང་རྒྱལ་བྲལ། རྙོག་པ་མྱེད་ཅིང་རྟག་ཏུ་དང་ལ་གསལ།། བདག་ཤེས་པ་ལ་རིམ་གིས་འཇུག་པར་བྱེད།། གཞན་ལ་མྱི་བརྙས་སེམས་ཅན་རྗེས་སུ་སྲུང་།། ཆོས་ལ་གུས་པར་དགའ་ཞིང་གུས་དང་བ
232a5 བསྒྲིབས་ཏེ་ཉོན་མོངས་རྣམས་ནི་སྤོང་བར་བྱེད།། ཆོས་དོན་གཉེ། ར་ཞིང་ཆོས་ལ་རྟོན་པར་བྱེད།། རབ་ཏུ་ཆོས་དོན་གཞོལ་ཞིང་འ།། བབ་པར་བྱེད།། ཆོས་ལ་བརྩོན་ཞིང་ཉོན་མོངས་མྱེད་པ་བསྐོས
232a6 ཆོས་མྱིན་སྤངས་ཤིང་ཆོས་རྣམས་ཡོངས་སུ་ཚོལ།། དཀོན་མཆོག་གསུམ་ལ་དད་པ་མྱི་ཕྱེད་ལྡན།། འདི་ནི་ཐམས་ཅད་མཁྱེནད་པའི་སེམས་སྦྱོར་ཡིན།། རྟག་ཏུ་མཛེས་དང་ལྡན་ཞིང་ཉེས་གྱོད་ལྡོག
232a7 དེ་བཞིན་གཤེགས་པ་ཀུན་ལ་ངོ་ཆེ་སྡོམ།། ཁྲེལ་ཡོད་ལྡན་ཞིང་འདིར་ནི་དབང་པོ་བསྡམས་འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོད་ཡིན།། རབ་ཏུ་སྦྱོར་བས་ལས་ཀྱི་བྱ་བར་འཇུག། བག་ཡོད་པས་ན་མཐའ་གཉིས་འཛིན།
232a8 མྱི་བྱེད།། མཁས་པ་རྟེན་པའི་ཆོས་རྣམས་རྗེས་རྟོགས་པ། འདི་ནི་ཐམས་ཅད་མཁྱེནད་པའི་སེམས་སྦྱོང་ཡིན།། སྤྱོད་ལམ་གིས་ནི་དྲང་བའི་དངོས་དང་ལྡན།། ཁྱེངས་པ་མྱེད་པས་རྟག་ཏུ་གཉེན་པ་ཡིན།། ཞི་གནས་མཆོས
232a9 དང་ལྡན་པས་རྒོད་པ་མྱེད།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོར་ཡིན།། བློ་ནི་རབ་ཏུ་བརྟན་པས་ཉམས་པ་མྱེད།། ལྷག་མཐོར་ལ་ནི་རི་རྒྱལ་ཇི་བཞིན་ཏེ།། དམ་བཅས་བརྟན་ཞིང་བར་བསྐབས་ཉམས་པ




iiif viewer powered by OpenSeadragon

231b - 232b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo