| e-texts navigator |
| Wylie |
231b1 མརྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མྱི་སྡུག་པ་ཤི་ནང་ཏུ་བསྒོམས་པའི་ཕྱིར་འདོད་ཆགས་ཀྱི་གདུང་བ་དང་བྲལ་བ་ཡིན། བྱམས་པ་ཤིན་ཏུ་བསྒོམས་པའི་ཕྱིར་ཞེ་སྡང་གི་གདུང་བ་དང་བྲལ་བ་ཡིན། རྟེན་ཅིང་འབྲེལ་པར།
231b2 འབྱུང་བ་ལ་ཤིན་ཏུ་བརྟགས་པའི་ཕྱིར། གཏི་མུག་གི་གདུང་བ་དང་བྲལ་བ་ཡིན། དབང་པོ་རྣམས་ལ་ཤིན་ཏུ་བརྟགས་པའི་ཕྱིར། སྒྲིབ་པ་དང་བྲལ་བ་ཡིན། སྟོབས་ཡོངས་སུ་དག་པའི་ཕྱིར་སྒྲིབ་པ་ཡང་དག་པར་བསལྡ་པ་ཡིན།
231b3 འབྱུང་བར་བྱ་བའི་ཁམས་ཡོངས་སུ་དག་པའི་ཕྱིར་ཀུན་ནས་ལྡང་བ་བས་སད་པ་ཡིན་ཡང་དག་པར་བསྒྲུབ་པའི་ཕྱིར། འདོད་པ་དང་ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་དང་། ང་རྒྱལ་དང་བྲལ་བ་ཡིན། ཆོས་ཀྱི་སྦྱིན་པ
231b4 ལ་སེར་སྣ་མྱེད་པ་ཡིན། ཟང་ཟིང་གི་སྦྱིན་པ་ལ་ཀུན་འཛིན་པའི་སེ་མས་མྱེད་པོ་ཡིན། ཐེག་པ་དམན་པ་ལ་འདོད་པ་མྱེད་པའི་ཕྱིར་བྱང་ཆུབ་ཀྱི་བསམ་པ་ཡིན། དབང་པོ་སྦས་པའི་ཕྱིར་ནང་ཉེ་བར་ཞི་བ་ཡིན
231b5 སྐྱོན་ཤིན་དུ་མཐོང་བའི་ཕྱིར་ཕྱི་རོལ་ཉེ་བར་ཞི་བ་ཡིན། སྡིག་པ་ཐམས་ཅད་མྱི་བྱེད་པཱིརྫི་འཁོར་བས་སྐྲག་པ་ཡིན། དགེ་བའི་ཟ་བ་སོཚོགས་པས་མྱི་ངོམས་པའི་ཕྱིར་ཡོངས་སུ་མྱི་སྐྱོ་བ་ཡིན།། ཆུ་བོ་བཞི
231b6 ལས་བསྐལ་བའི་ཕྱིར་ཆོས་ཀྱི་མུ་ཆེན་པོ་ཡང་དག་པར་སྦྱར་བ་ཡིན། ཕ་རོལྡ་ཏུ་འགྲོ་བའི་སྡེབས་དང་། ཟམ་བཞིན་ཏུ་བཅས་པ་ཡི། བང་ལ་ཤིན་ཏུ་གནས་པའི་ཕྱིར་འདམ་དང་འོབས་ལས་བརྒལར་པ་ཡིན་ཏེ། བློ་གྲོས་རྒྱ
231b7 མཚོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། ཆོས་འདི་ལྟ་བུ་དེ་དག་གིས་དག་པ་དང་། ཡོངས་སུ་དག་པ་དང་། སྦྱིན་པ་འཕགས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དེ་ནི་ཐམས་ཅད་མཁྱེན་པར་སོས
231b8 བསྐྱེད་པ་རིན་པོ་དེ་སྦྱོང་བའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ལུས་དང་ངག་རྣམས་དང་ནི་ཡིད་བསྡམས་ཤིང་། རྣམ་པར་དག་པའི་ལས་ལམ་བཅུ་ལ་སློབ།། བྱམས
231b9 པས་སེམས་ཅན་ཀུན་ལ་ཡང་དག་ལྷ། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོད་ཡིན།། སྙིང་རྗེ་ལྡན་པས་གཞན་གི་བྱ་བར་འཚོན། དགའ་དང་ལྡན་པས་ཆོས་ལ་ཕ་རོལ་ད་སྦྱོར། བཏང་སྙོམས་ལྡན་པས་ཆོས་མཆོག་འཆེ་བ