e-texts navigator
Collection
Volume
Page
Wylie

230b1 གྱུར་ད་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་འདི་ལྟར་སེམས་ཅན་བསོད་ནམས་བྱས་པ་དགེ་བའི་ཨལ་བསྐྱེད་པ་རྣམས་ལ་ཕན་པར་བྱེད་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ།
230b2 རིན་པོ་ཆེ་དེ་ཡང་གང་གི་ཚེ། སྦྱད་པ་བཟོད་ཅིང་གནོད་པ་བཟོད་ལ། ཕུག་ནས་ཀྱང་ཉེས་པར་མ་གྱུར་ད་ན། ཐམས་ཅད་མཁྱེནད་པར་སེམས་བསྐྱེད་པ་རིན་པོ་ཆེ་སྐྱོན་ཐམས་ཅད་དང་བྲལ་བ་དེ་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕ།
230b3 པ་བྱེད་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ་སྡོམ་པ་གསུམ་གིས་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པ་དང་། བྱམས་པའི་རྗེས་སུ་འཇུག
230b4 བས། སེམས་ཅན་ཐམས་ཅད་ལ་བྱམས་ཤིང་དང་བ་དང་། སྙིང་རྗེའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཇི་ཡོད་པ་སྙམ་པ་ལ་བ་ཚོན་པ་དང་། དགའ་བའི་རྗེས་སུ་འཇུག་པས། སེམས་ཅན་ཐམས།
230b5 ཅད་ཆོས་ལ་སྦྱོར་བ་དང་། བཏང་སྙོམས་ཀྱི་རྗེས་སུ་འཇུག་པས། སེམས་ཅན་ཐམས་ཅད་ལ་མྱི་འཆེ་ཞིང་རྟག་ཏུ་སེམས་དྲང་བ་དང་། གཡོ་དང་སྒྱུ་མྱེད་པས་ཕན་པའི་དངོས་པོའི་བསམ་པར་འགྱུར་བ
230b6 དང་། དགེ་བའི་མཔ་ཐམས་ཅད་བཚམ་པ་ལ་ལྷག་པའི་བསམ་པ་སྦྱོར་པ་དང་། ཅང་ཤེས་ཀྱི་སེམས་ཀྱིས་དྲན་པ་དང་། ཤེས་བཞིན་དང་ལྡན་བ་དང་སེམས་ཤིན་ཏུ་རྟུལ་བས་སེམས་ལས་སུ་རུང་བ་དང་། དག
230b7 སླ་བས་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པའི་ཆོ་ག་དང་ལྡན་པ་དང་། གསོའ་སླ་བས་འཕགས་པའི་རིགས་ཆོག་ཤེས་པ་དང་། བླ་མ་དང་སྦྱིན་གནས་སུ་རྣམས་ལ་འདུད་ཅིང་རབ་ཏུ་འདུད་པ་དང་།། ང་རྒྱལ་བྱེད་པས་ཕྱེངས་པ
230b8 དང་། བཅོད་པ་རྣམ་པར་སྤོང་བ་དང་། སེམས་ངེས་པར་སེམས་པས་བརྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤོང་བ་དང་། རྙོག་པ་མྱེད་པས་སེམས་གསལ་བ་དང་། བདག་ལ་གྱི་སྟོང་པས་བདག་ཤེས་པ་ལ་འཇུག་པ་དང་། ག
230b9 ལ་མྱི་སྨོད་པས་སེམས་ཅན་རྗེས་སུ་བསྲུང་བ་དང་། སྔོན་གི་སེམས་ཀྱིས་ཆོས་ལ་གུས་པ་དང་། དེའི་དོན་སོ་སོར་མྱོང་བས་ཆོས་དོན་ཏུ་གཉེར་བ་དང་། དེ་ལ་གཞོལ་འབབ་པཱ་ས་ཆོས་འདོད་པ་དང་། ཉོན་མོངས་པ་མྱེད་པ་ལ།




iiif viewer powered by OpenSeadragon

230a - 231a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo