e-texts navigator
Collection
Volume
Page
Wylie

230a1 རིགས་དགུ་ལས་ཤིནད་ཏུ་འདས་པར་འབྱུང་སྟེ། དཀུ་གང་ཞེ་ན། འདི་ལྟ་སྟེ་གསེར་གི་རིགས་དང་། དངུལ་གི་རིགས་དང་། ཤེས་གི་རིགས་དང་། བྱེ་དཱུརྱའི་རིགས་དང་། རྡོའི་སྙིང་པོའི་རིགས་དང་། སྤུག་གི་རིཿ
230a2 དང་། མུ་ཏིག་གི་དམར་པོའི་རིགས་དང་། ཀེ་ས་རའི་རིགས་དང་། དཔལ་ཀི་སྙིང་པོའི་རིགས་དང་། ནོར་བུ་རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས། དྲི་མ་མྱེད་ཅིང་རྣམ་པར་དག་པའི་འོད་ཅེས་བྱ་བའི་ནོར
230a3 བུ་རིན་པོ་ཆེ་ཆེན་པོ་རིགས་དེ་ལས་རིན་ཟང་མྱེད་པའི་ནོར་བུ་རིན་པོ་ཆེར་གྱུར་ཏེ། དེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཡོངས་སུ་པྱད་པར་འགྱུར་གི།། དེ་མ་ཡིན་པའི་སེམས་ཅན་ངན་པ་གཞན་རྣམས་ཀྱི་ནི་མ་ཡིན་ཏེ།
230a4 ནོར་བུ་རིན་པོ་ཆེའི་འོད་ཀར་ཡིན་པ་དེས་ནི། དེ་མ་ཡིན་པའི་ནོར་བུ་རིན་པོ་ཆེ་གཞན་རྣམས་ཀྱི་འོད་མོག་མོག་པོར་བྱེད་དོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི
230a5 རིན་པོ་ཆེའི་དེ་ཡང་རིན་པོ་ཆེའི་རིགས་དགུ་ལས་ཤི་ནད་ཏུ་འདས་པ། ར་འབྱུང་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ་སོ་སོའི་སྐྱེ་བོ་དགེ་བ.རིན་པོ་ཆེའི་རིགས་དང་། དད་པའི་རྗེས་སུ་འབྲར་བའི་རིན་པོ
230a6 འི་རིགས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རིན་པོ་ཆེའི་རིགས་དང་། མཚན་མ་མེ་ལ་གན་ན་པ་པའི་རིགས་དང་། རྒྱུན་ཏུ་ཞུགས་པའི་རིན་པོ་ཆེའི་རིགས་དང་། ལན་ཅིག་ཕྱིར་འོང་བ་རིན་པོ་ཆེའི་རིགས་དང་།
230a7 ཕྱིར་གྱི་འོང་བའི་རིན་པ་ཆེའི་རིགས་དང་། དགྲ་བཅོམ་པ་རིན་པོ་ཆེའི་རིགས་དང་། རང་སངས་རྒྱས་རིན་པོ་ཆེའི་རིགས་དང་། རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས། བཅུ་པ་སངས་རྒྱས་ཀྱིས་བྱིན་གྱི
230a8 རླབས་པའི་སྡུག་པའི་བསམ་པ་སྙིང་རྗེ་ཆེན་པོའི་རིང་པོ་ཆེའི་རིགས་ལས་ཐམས་ཅད་མཁྱེནད་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་འབྱུང་སྟེ།། དེ་ཡོངས་སུ་སྦྱངས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་ཀྱིས་གནོ།
230a9 ཅིང་། སེམས་ཅད་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་རྣམས་ལ་ཡང་སྡང་བར་བྱེད་དོ།། ཟོ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་ནོར་བུ་རིམ་པོ་ཆེ་ཆེན་པོ་དེ་གང་གི་ཚེ་སྤང་བ་འཟོད་ཅིང་གནོད་པ་བཟོད་ལ། ཕུག་ནས་ཀྱང་ཉེས་པར་མ




iiif viewer powered by OpenSeadragon

229b - 230b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo